ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུ་རོབ་མཉམ་འབྲེལ་ཚོགས་མིས་བོད་རྒྱ་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་ཞུས་པ།


རྒྱ་ནག་གི་འགོ་ཁྲིད་ཞེ་ཅིན་པེན་ཡུ་རོབ་མཉམ་འབྲེལ་གྱི་དབུས་ལས་ཁུངས་དང་ཡུ་རོབ་བྷེལ་ཇེམ་གྱི་གྲོས་ཚོགས་སོགས་སུ་འཚམས་འདྲི་ལ་འབྱོར་སྐབས། ཡུལ་དེའི་ནང་གི་གནས་སྡོད་བོད་མི་ཚོས་བོད་རྒྱ་ཞི་མོལ་བྱེད་དགོས་པའི་འདུན་བཏོན་པའི་ལས་འགུལ་ཞིག་སྤེལ་ཡོད། ལས་འགུལ་དེར་སྟེང་དུ་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་མི་དང་བྷེམ་ཇེམ་གྱི་གྲོས་ཚོགས་འཐུས་མི་སོགས་མཉམ་ཞུགས་གནང་སྟེ་གཏམ་བཤད་གནང་ཡོད་པ་དང་། ཡུ་རོབ་མཉམ་འབྲེལ་གྱི་ཚོགས་མི་ཞིག་གིས་བོད་རྒྱ་ཞི་མོལ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། བོད་མི་ཚོས་ཀྱང་སྐྲ་བཞར་ཏེ་འབོད་སྒྲ་དང་འཕྲེད་དར་སོགས་བོད་རྒྱ་ཞི་མོལ་དང་འབྲེལ་བའི་ལས་འགུལ་སྤེལ་ཡོད་པ་བཅས་ཀྱི་སྐོར་ལ། ཚེ་རིང་སྐྱིད་འབྲེལ་ཡོད་མི་སྣར་བཀའ་འདྲི་ཞུས་ཏེ་ཕྱོགས་སྒྲིག་བྱེད་ཡོད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG