ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་ཆེས་མཐོའི་དམག་དཔོན་ཞིག་གོ་གནས་ནས་ཕབ་པ།


རྒྱ་ནག་གི་དམག་སྲིད་ལྷན་ཁང་གི་ཆེས་མཐོའི་དམག་དཔོན་ཕྱུའུ་ཚཱེ་ཧུའུ་ཡིས་དབང་ཆ་བེད་སྤྱོད་བཏང་ནས། ལྐོག་ངན་ཟ་ལེན་ཕོན་ཆེ་བྱས་ཡོད་པའི་རྐྱེན་གྱིས་རྒྱ་ནག་གི་དམར་ཤོག་ཚོགས་པ་ནས་ཕྱིར་འབུད་དང་གོ་གནས་ནས་ཕབ་ཡོད་པ་མ་ཟད། ད་དུང་གཞུང་འབྲེལ་ཆེས་མཐོའི་དཔོན་རིགས་གཞན་གསུམ་ཡང་གོ་གནས་ནས་ཕབ་ཡོད་པ་རེད། འོན་ཀྱང་རྒྱལ་སྤྱིའི་ཆབ་སྲིད་དབྱེ་ཞིབ་པ་ཚོས་བརྗོད་ན། འདི་ནི་འགོ་ཁྲིད་ཞི་ཅི་པེན་གྱིས་ལྐོག་ཟ་རུལ་སུངས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་ཀྱི་དྲིལ་བསྒྲགས་བྱས་ཏེ་རང་གི་ཆབ་སྲིད་ཐད་ཀྱི་དགྲ་བོ་རྣམས་རྩ་མེད་བཟོ་བཞིན་པ་རེད་འདུག འདིའི་སྐོར་ཚེ་རིང་སྐྱིད་ཀྱིོས་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG