ངོ་འཕྲད་བདེ་བའི་དྲ་འབྲེལ།

དྷ་རམ་ས་ལར་འཛམ་གླིང་གི་རེག་དུག་ཉིན་མོ་སྲུང་བརྩི།


བཙན་བྱོལ་བོད་གཞུང་གི་བསྟི་གནས་རྒྱ་གར་དྷ་རམ་ས་ལར་འཛམ་གླིང་གཉེན་ནད་རེག་དུག་གི་ཉིན་མོ་སྲུང་བརྩི་བྱས་པ་དང་། ད་ལྟ་འཛམ་གླིང་ཡོངས་སུ་བཅོས་ཐབས་བྲལ་པའི་འགོས་ནད་དེའི་ཚབས་ཆེའི་རང་བཞིན་གྱི་གོ་རྟོགས་མཐོ་རུ་གཏོང་བར་ཁྲབ་སྟོན་གྱི་ལམ་ནས་མི་མང་ལ་ཟབ་སྦྱོང་སྤྲད་མ་ཟད། བཙན་འབྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བརྟན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་ནད་རིགས་དེ་ཡོད་མཁན་ནད་པ་ཚོར་མཐོང་ཆུང་དང་ཁྱད་གསོད་མེད་པར་བྱམས་སྐྱོང་གནང་དགོས་ཞེས་གསུངས་ཡོད་པའི་སྐོར། ཞིབ་ཕྲའི་གནས་ཚུལ་རྒྱ་གར་དྷ་རམ་ས་ལ་ནས་ཚེ་རིང་མིག་དམར་གྱིས་བཏང་པའི་གནས་ཚུལ་གསན་རོགས།

XS
SM
MD
LG