ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་ས་ལྷ་སར་རྒྱ་ནག་གཞུང་གིས་དྲག་པོའི་ཁྲིམས་གཞི་བསྡམས་ནས་མི་ལོ་༢༥་འཁོར་བ།


དེ་སྔ་༡༩༨༩་ལོའི་ཕྱི་ཟླ་༣་ཚེས་༨་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་སེར་སྐྱ་མི་དམངས་སྟོང་ཕྲག་བརྒལ་བས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱས་ཏེ། རྒྱ་ནག་གཞུང་གིས་ལྷ་སར་དྲག་པོའི་ཁྲིམས་གཞི་བསྡམས་ནས་མི་ལོ་ཧྲིལ་བོ་༢༥་འཁོར་ཡོད་ཅིང་། ད་རེས་ཀྱི་དུས་དྲན་སྐབས་སུ་བཙན་བྱོལ་བོད་མིའི་དབུས་སྒྲིག་འཛུགས་ཀྱི་ཆོས་རིག་ལྷན་ཁང་གིས་ལས་འགུལ་ནང་དུ་རྐྱེན་འདས་སུ་གྱུར་པའི་འདས་པོ་རྣམས་ཀྱི་ཆེད་དུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཞིག་ཚུགས་ཡོད་པའི་སྐོར། ང་ཚོའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཞུགས་སྒར་ནས་སྤེལ་བའི་གནས་ཚུལ་ཞིག་གསན་རོགས་གནང་།།
XS
SM
MD
LG