སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་༸གོང་ས་མཆོག་གིས་སྤྱི་ཁང་གསར་པར་མཚན་གནང་བའི་སྐོར་གསལ་བསྒྲགས་གནང་བ་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀུན་དགའ་འཕྲིན་ལས་ལགས་ནས་ངོ་སྤྲོད་གསུང་བཤད་དང་། བྱང་ཨ་རིའི་སྤྱི་འཐུས་གཉིས་ནས་ཀྱང་དུས་ཆེན་དང་འབྲེལ་བའི་གསུང་བཤད་མདོར་བསྡུས་རེ་གནང་བ་རེད། ད་ལོའི་མཛད་སྒོ་འདིའི་ཐོག་རྣམ་ཀུན་ལྟར། གཞས་དང་ཞབས་བྲོའི་ལས་རིམ་མེད་པར་སྔ་དྲོའི་མཛད་རིམ་ཁག་གྲུབ་རྗེས་བོད་བསྟན་སྲིད་མི་རིགས་སླད་སྐུ་ལུས་མེ་ལ་སྒྲོན་མཁན་རྣམས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་གསུངས་ནས་ཞི་བདེའི་གཟེངས་རྟགས་ཀྱི་དུས་ཚེས་ཁྱད་པར་ཅན་དེ་སྲུང་བརྩི་གནང་ཡོད་པ་དང་། མཛད་སྒོར་ཁྱོན་བསྡོམས་བོད་མི་༥༠༠ ལྷག་ཙམ་མཉམ་ཞུགས་གནང་ཡོད་པ་རེད།