ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁེ་ན་ཌའི་བོད་པ་ཚོས་རྒྱ་ནག་ལ་ངོ་རྒོལ།


བོད་ནང་ཁུལ་གྱི་གཞིས་ལུས་སེར་སྐྱ་མི་མང་གིས་རང་ལུས་མེར་སྒྲོན་ནས་རྒྱ་ནག་གཞུང་གིས་བོད་མི་དམངས་ལ་འཛིན་པའི་གདུག་རྩུབ་ཀྱི་སྲིད་ཇུས་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་ཟད། བོད་ཕྱི་ལོགས་ཀྱི་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་པ་ཚོས་ཀྱང་གཞི་ལུས་མི་མང་ལ་གདུང་སེམས་མཉམ་སྐྱེད་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ། རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་སོགས་ལས་འགུལ་འདྲ་མིན་སྣ་ཚོགས་ཤིག་སྤེལ་གྱིན་ཡོད་པ་ལྟར་ཁེ་ན་ཌའི་བོད་པ་ཚོས་ཀྱང་རྒྱ་ནག་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ཞིག་སྤེལ་ཡོད་པའི་སྐོར། ང་ཚོའི་གསར་འགྱུར་མཁོ་གཏོང་བ་ཨོ་རྒྱན་ནོར་བུས་ཁེ་ཎ་ཌ་ནས་སྤེལ་བའི་གནས་ཚུལ་དེར་གསན་རོགས་གནང་།

XS
SM
MD
LG