ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཤག་རོང་བོ་དགོན་གྲོང་དུ་འཛིན་བཟུང་དང་གནས་སྟངས་གསར་བ།


ཤག་རོང་བོ་དགོན་གྲོང་དུ་འཛིན་བཟུང་དང་གནས་སྟངས་གསར་བ།
ཤག་རོང་བོ་དགོན་གྲོང་དུ་འཛིན་བཟུང་དང་གནས་སྟངས་གསར་བ།
བོད་རང་སྐྱོངས་ལྗོངས་ནག་ཆུ་ས་ཁུལ་གྱི་ཤག་རོང་བོ་དགོན་གྲོང་གཉིས་སུ་ད་ལྟའི་ཆར་དམག་མི་ཉིས་སྟོང་ལྷག་གིས་བསྐོར་ཏེ་མང་ཚོགས་ཀྱི་འགྲོ་སྡོད་དང་བརྒྱུད་ལམ་རྣམས་ལ་དམ་དྲག་བྱེད་བཞིན་ཡོད་པ་ལྟར། ཉེ་སྔོན་དགོན་པར་དྲག་གནོན་བྱས་པར་མང་ཚོགས་ཀྱིས་སེམས་ནས་མ་བཟོད་པར་ངོ་རྒོལ་བྱས་རྐྱེན་ས་གནས་མང་ཚོགས་གང་མང་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་བྱུང་ཡོད་ལ། དེ་རིང་གནས་ཚུལ་ཐོན་པ་ལྟར་ན་འཛིན་བཟུང་བྱེད་པའི་བོད་མི་དགུ་ཡི་ལོ་ཚད་དང་མིང་སོགས་ཁ་གསལ་ཤེས་རྟོགས་བྱུང་ཡོད། དེ་བཞིན་ད་དུང་ས་གནས་བོད་མི་ཚོས་མུ་མཐུད་དེ་འཛིན་བཟུང་བྱེས་ཏེ་ཡོད་པའི་མང་ཚོགས་གློད་གྲོལ་གཏོང་དགོས་པ་དང་དགོན་པར་དམ་དྲག་བྱེད་བཞིན་པ་ཕྱིར་འཐེན་བྱ་དགོས་པའི་དགོས་འདུན་འདོན་བཞིན་པ་སོགས་ཀྱི་སྐོར་ལ་ཚེ་རིང་སྐྱིད་ཀྱིས་འབྲེལ་ཡོད་མི་སྣར་བཀའ་འདྲི་ཞུས་ཡོད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG