ངོ་འཕྲད་བདེ་བའི་དྲ་འབྲེལ།

Watch Kunleng TV LIVE! (Windows)

༡༩༧༠ ཕྱི་ཟླ་ ༡༠ ཚེས་ ༧ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་བྱུང་བ་བཟུང་ད་བར་འདས་པའི་མི་ལོ་ ༤༢ སོང་བའི་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་དང་ས་གནས་གཉིས་ཀྱིས་ཐོག་མའི་དམིགས་ཡུལ་གཞིར་བཟུང་ལས་དོན་གནང་ནས་བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་གལ་ཆེ་ཤས་གཅིག་ལ་གྱུར་ཡོད་པ་རེད། འདས་པའི་དུས་ཡུན་དེའི་རིང་བཙན་བྱོལ་བོད་མིའི་ཆབ་སྲིད་ལམ་ལུགས་དང་སྤྱི་ཚོགས་ཀྱི་གནས་སྟངས་སོགས་ལ་འགྱུར་བའི་འཕེལ་རིམ་སྣ་ཚོགས་ཤིག་བྱུང་ཡོད་པ་དེ་དག་གིིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་དང་ཚོགས་མིའི་ཡོང་ཁུངས་སོགས་གང་ཅིར་ཤུགས་རྐྱེན་བྱུང་ཡོད་པ་མ་ཟད། བོད་མིའི་འཐབ་རྩོད་ཀྱི་རང་བཞིན་ལའང་དུས་བསྟུན་འགྱུར་བ་དང་གདོང་ལེན་གནང་དགོས་པའི་གནས་ཚུལ་གསར་པ་མང་པོ་ཡོད་མུས་རེད། ད་རིང་གི་ཀུན་གླེང་ལས་རིམ་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དནང་རིག་འཛིན་ལགས་དང་དབུས་རྒྱུན་ལས་ཟུར་པ་ཚེ་དབང་དཔལ་འབྱོར་ལགས་གཉིས་མགྲོན་འབོད་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འཕེལ་རིམ་དང་བོད་མིའི་སྤྱི་ཚོགས་ཀྱི་འཕེལ་རིམ་གྱི་འགྱུར་འགྲོས་ལ་གཞིགས་པའི་གདོང་ལེན་གནང་དགོས་གང་ཡོད་བཅས་ཀྱི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན།

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་ རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།
XS
SM
MD
LG