ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ནེའུ་ཡོག་དུས་བབ་དང་ཞོགས་དུང༌།


ནེའུ་ཡོག་དུས་བབ་དང་ཞོགས་དུང༌།
ནེའུ་ཡོག་དུས་བབ་དང་ཞོགས་དུང༌།

ཉེ་ཆར་སྤྱི་ཟླ་བཞི་བའི་ནང་དུ་བོད་མི་བསམ་བློ་གསར་བའི་ལྟ་བ་སྤེལ་མཁན་ཙོམ་པ་པོ་སྐུ་ཞབས་ཞོགས་དུང་ལགས་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱེད་མཁན་ཡིན་པའི་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བྱས་ཡོད་པ་དང༌། ད་ལྟའི་བར་དུ་ད་དུང་ཡང་གནས་སྟངས་གསལ་བོ་ཤེས་རྟོགས་མེད་པ་རེད། དེ་རིང་ནེའུ་ཡོག་དུས་བབ་གསར་ཤོག་ནང་དུ་སྐུ་ཞབས་ཞོངས་དུང་ལགས་ཀྱི་སྐོར་ཙོམ་ཡིག་རིང་པོ་ཞིག་སྤེལ་ཡོད་པ་དང༌། ཙོམ་ཡིག་དེའི་ནང་དུ་སྐུ་ཞབས་ཞོགས་དུང་ལགས་ཀྱིས་གནམ་ས་གོ་འབྱེད་ཅེས་སྤྱི་ལོ་༢༠༠༨ ལོར་བོད་ས་ཁྱོན་ཡོངས་ནས་ཞི་བའི་ངོ་རྒོལ་བྱེད་པའི་སྐོར་གྱི་དེབ་ཅིག་བྲིས་ཡོད་པ་དེའི་རྐྱེན་གྱིས། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གཏོང་མཁན་ཡིན་པའི་ཉེས་འཛུགས་བྱས་ཏེ་ད་དུང་བཀག་ཉར་བྱས་ཏེ་ཡོད་པ་བཀོད་ཡོད་འདུག། ཙོམ་པ་པོ་ཞོགས་དུང་གི་གནས་སྟངས་སྐོར་བཙན་བྱོལ་བོད་ཀྱི་ཙོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་ཀུན་མཐར་ལགས་ལ་ཚེ་རིང་སྐྱིད་ཀྱིས་གླེང་མོལ་བྱས་པ་ཞིག་གསན་རོགས་གནང༌།

XS
SM
MD
LG