ངོ་འཕྲད་བདེ་བའི་དྲ་འབྲེལ།

བེུད་ཞིག་གིས་རང་ལུས་མེར་བསྲེཌ་བཏང་ཡོད་པ།


བོད་མདོ་སྨད་རྔ་པའི་ཁུལ་གྱིས་བོད་མི་ཚོ་དང་འབྲེལ་བ་ཡོད་པའི་གནས་ཚུལ་འབྱུང་ཁུངས་ཁག་གིས་བཤད་གསལ་ལ། གཟའ་ཟླ་བའི་ཉིན་ས་གནས་ཀྱི་ཉིན་གུང་གི་ཆུ་ཚོད་དང་པོ་ཙམ་ལ་ཟི་ཁྲོན་ཞིང་ཆེན་གྱི་ནང་ཡོད་པའི་རྔ་པ་ས་ཁུལ་གྱི་བཙུན་དགོན་ཞིག་གི་བཙུན་མ་ཞིག་གིས་རང་ལུས་མེར་བསྲེཌ་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་འདུག

དེ་ཡང་མ་མེ་བདེ་ཆེན་ཆོས་གླིང་བཙུན་དགོན་གྱིས་རང་ལོ་༢༠་སོན་པའི་བཙུན་མ་བསྟན་འཛིན་དབང་མོས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་བོད་མིར་རང་དབང་དགོས་པའི་དགོས་འདུན་སྟེ་རང་ལུས་མེར་བསྲེཌ་བཏང་ཡོད་འདུག་བཙུན་མ་དེ་ནི་རྔ་པ་རྫོང་གི་གྲོང་གསེབ་ཤ་ཀོ་མའི་ཉི་ཚེ་ཁྱིམ་ཚང་ནས་ཡིན་འདུག་ཅིང་།

གནས་ཚུལ་འབྱུང་ཁུངས་ཁག་གིས་བཤད་པ་ལྟར་ན། རྒྱ་ནག་གི་དབང་འཛིན་པ་ཚོས་མ་མེ་བཙུན་དགོན་དུ་ད་ཆ་དམག་མི་བཏང་སྟེ་དམ་བསྒྲགས་ཤུགས་ཆེ་རུ་བཏང་ཡོད་འདུག་པ་དང་བཙུན་མ་བསྟན་འཛིན་དབང་མོས་རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་བྱ་རྒྱུའི་ཆེད་རང་ལུས་མེར་བསྲེཌ་བཏང་པ་དེ་ནི། འདི་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་རང་ལུས་མེར་བསྲེཌ་བཏང་བའི་གནས་ཚུལ་དགུ་པ་དེ་ཡིན་པ་དང༌། རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་མོས་ཀྱི་ཐོབ་ཐང་ལ་དམ་བསྒྲགས་བྱེད་ཤུཌ་ཆེ་རུ་བཏང་བ་དེར་ངོ་རྒོལ་བྱ་རྒྱུར་ཉེ་དུས་གཟའ་སྤེན་པའི་ཉིན་ཡང་བོད་རིགས་ཤིག་གིས་རང་ལུས་མེར་བསྲེཌ་བཏང་སྟེ་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་གསུམ་པའི་ནང་གྲ་ཕུན་ཚོགས་ཀྱིས་རང་ལུས་ལ་མེར་བསྲེཌ་བཏང་བའི་རྗེས་བོད་ཤར་ཕྱོགས་ཁུལ་དུ་འཐེན་འཁྱེར་ཇེ་ཆེར་ཕྱིན་ཡོད་པ་དང་ མིག་མཐོང་དཔང་པོ་ཚོས་བཤད་གསལ་ལ་ ཕྱིས་སུ་རྒྱ་མིའི་དཔོན་རིགས་ཚོས་ཀིརྟི་དགོན་པའི་དགེ་འདུན་པ་༣༠༠ཙམ་བཙན་འཁྲིད་བྱས་ཏེ་གར་ཡོད་ཤེས་རྟོགས་མེད་པའི་གནས་སུ་གྱར་ཡོད་དང་ རྒྱ་གཞུང་གིས་དགེ་འདུན་པ་དེ་རྣམས་ལ་ཁྲིམས་ཀྱི་སློབ་གསོ་སྤྲོད་ཀྱི་ཡོད་ལུགས་བཤད་དེ་ཕྱི་ཟླ་དྲུག་པའི་ནང་དགེ་འདུན་པ་དེ་དག་གར་སོང་ཆ་མེད་སོང་བ་དུ་ཡོད་པ་ངོས་ལེན་བྱས་ཡོད་རེད།

བོད་ཀྱི་དགེ་འདུན་པ་མང་པོ་ཞིག་གིས་རང་ལུས་མེར་བསྲེཌ་བཏང་སྟེ་འདས་གྲོངས་སུ་གྱུར་གི་ཡོད་པ་དེ་ཚོར་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁང་གིས་ཉེ་དུས་ཐུགས་འཚབ་ཆེན་པོ་གནང་གི་ཡོད་ལུགས་གསུངས་ཡོད་པ་དང༌། བོད་པའི་དགེ་འདུན་པ་ཚོས་དེ་འདྲའི་འུ་ཐུག་ཐབས་ཟད་ཀྱི་རྣམ་འགྱུར་བསྟན་ཡོད་པ་དེ་དག་ནི་བོད་མི་ཚོས་རྒྱ་གཞུང་གི་བྱེད་སྟངས་ལ་ཁོང་ཁྲོ་དང་ཡིད་ཐང་ཆད་པ་ཡིན་ལུགས་གསུངས་ཡོད་ཅིང༌། རྒྱ་ནག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། སྐད་ཡིག་གི་ངོ་བོར་སྲུང་རྩི་ཞུ་དགོས་རེད་ཅེས་ཨ་མི་རི་ཀའི་གཞུང་གིས་རྒྱ་གཞུང་ལ་འབོད་བསྐུལ་ལན་མང་གནང་ཡོད་པ་རེད།།

འོན་ཀྱང་རྒྱ་ནག་གིས་ཨ་མི་རི་ཀའི་འབོད་བསྐུལ་དེ་དག་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་ལུགས་བཤད་དེ་མོས་མཐུན་དང་ལེན་བྱེད་ཀྱི་མེད་པ་རེད།།

XS
SM
MD
LG