ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༡/༡༦

འཛམ་ཐང་ནང་བུད་མེད་ཞིག་གིས་རང་ལུས་མེར་བསྲེཌ་བཏང་ཡོད་པ།


དེ་རིང་ཕྱི་ཚེས་༡༦གི་ཉིན་མདོ་སྨད་འཛམ་ཐང་ཇོ་ནང་དགོན་ཆེན་ གྱི་ཉེ་འཁྲིས་སུ་བོད་རིགས་བུད་མེད་ཕྱུག་མཚོ་ཞེས་པ་ཞིག་གིས་རང་ལུས་མེར་ བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག ཕྱུག་ མཚོ་ལགས་ནི་མདོ་སྨད་འཛམ་ཐང་བར་མ་ཡུལ་ཚོ་ནས་ཡིན་པ་དང་ ཁོང་མོའི་ ཕའི་མིང་ལ་བསྟན་ཁོ་དང་། མའི་མིང་ལ་སྒྲོན་སྐྱིད་ཟེར་ཞིང་། ཁོང་མོ་གཉེན་སྒྲིག་ བྱས་ཏེ་ལོ་ངོ་ ༣ ལ་སོན་པའི་ཕྲུག་གུ་ཞིག་ཀྱང་ཡོད་འདུག དེའི་སྐོར་ཕུན་ཚོགས་ཚེ་རིང་ལགས་ཀྱིས་བཞུགས་སྒར་དུ་གནས་བཞུགས་སྐུ་ཞབས་ཚངས་དབྱངས་རྒྱ་མཚོ་ལགས་སུ་འདྲི་ཞུས་ཏེ་ཕྱོགས་བསྒྲིགས་ཞུས་པའི་གནས་ཚུལ་དེ་གསན་རོགས་གནང་།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG