ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་ནག་གི་ཤེས་ཡོན་སྲིད་ཇུས་ལ་བོད་རིགས་སློབ་གྲྭ་བས་ངོ་རྒོལ།


རྒྱ་ནག་གི་ཤེས་ཡོན་སྲིད་ཇུས་ལ་བོད་རིགས་སློབ་གྲྭ་བས་ངོ་རྒོལ།
རྒྱ་ནག་གི་ཤེས་ཡོན་སྲིད་ཇུས་ལ་བོད་རིགས་སློབ་གྲྭ་བས་ངོ་རྒོལ།

རྒྱ་ནག་གཞུང་གིས་བོད་ཀྱི་སློབ་གྲྭ་ཁག་གི་ནང་དུ་སློབ་ཚན་ཆ་ཚང་རྒྱ་ཡིག་ལ་འགྱུར་རྒྱུའི་ཤེས་ཡོན་སྲིད་ཇུས་དེར་ཚེས་༡༩དང་ཚེས་༢༠སྟེ་ཉིན་གཉིས་ཀྱི་རིང་བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་ནང་གི་བོད་རིགས་སློབ་གྲྭ་བ་བརྒྱད་སྟོང་ལྷག་གིས། ངོ་རྒོལ་བྱས་ཏེ། མི་རིགས་སྐད་ཡིག་འདྲ་མཉམ་དང་རང་དབང་དགོས་པའི་དགོས་འདུན་གྱི་བཏེན་ནས་ཞི་བའི་ངོ་རྒོལ་བྱས་ཡོད་སྟབས་། ད་རིང་འདི་ཀའི་གསར་འགོད་པ་ཚེ་རིང་སྐྱིད་ཀྱིས་བོད་ནང་དང་ཐད་ཀར་འབྲེལ་བ་ཡོད་པའི་བཙན་བྱོལ་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་མི་མགུར་འབུམ་རྒྱལ་དང་མཉམ་དུ། སློབ་ གྲྭ་བ་དེ་དག་ཡར་ལངས་དགོས་པའི་རྒྱུ་རྐྱེན་དང་ལྷག་དོན་རྒྱ་ནག་གི་ཤེས་ཡོན་སྲིད་ཇུས་དེ་ཡིས་བོད་ཀྱི་སྐད་ཡིག་ལ་ཤུགས་རྐྱེན་དང་ཉམས་སྨད་གཏོང་ཚད་གང་འདྲ་ཞིག་ཏུ་འགྱུར་གྱི་ཡོད་པ་སོགས་ཀྱི་ཐད་གླེང་མོལ་བྱས་པ་ཞིག་གསན་རོགས་གནང་།

XS
SM
MD
LG