ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་སློབ་ཡོན་ལས་རིམ་གྱི་གནས་སྟངས།


ལོ་རེར་ཨ་མེ་རི་ཀའི་གཞུང་གིས་བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་བྱུང་བའི་བོད་ཕྲུག་ཚོར་སློབ་ཡོན་སྤྲོད་པའི་ལས་རིམ་ཞིག་ཡོད་པ་ལྟར་ བོད་ཀྱི་མ་དངུལ་ཐེབས་རྩ་ཁང་དང་བོད་གཞུང་ཤེས་རིག་ལྷན་ཁང་གིས་སྤྱི་ལོ་༢༠༡༣ལོའི་སློབ་ཡོན་གྱི་གོ་སྐབས་སྤྲོད་རྒྱུའི་བོད་ཀྱི་སློབ་ཕྲུག་བདུན་འོས་འདེམས་བྱས་ཡོད་པ་དང་ ཡང་སྤྱི་ལོ་༢༠༡༡ལོར་འོས་འདེམས་བྱུང་བའི་ད་ལོའི་སློབ་ཡོན་ཐོབ་པ་སློབ་ཕྲུག་བརྒྱད་རིང་མིན་སྤྱིོ་ཟླ་བརྒྱད་པའི་ནང་ཨ་རིའིམཐོ་རིམ་སློབ་གྲ་ཁག་ཏུ་སློབ་སྦྱོང་ལ་ཡོང་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད་འདུག སློབ་ཡོན་སྤྲོད་ཕྱོགས་ཀྱི་་ལས་རིམ་འདིའི་ཐད་་ཚེ་རིང་སྐྱིད་ཀྱིས་འབྲེལ་ཡོད་བོད་ཀྱི་མ་དངུལ་ཐེབས་རྩ་ཁང་གི་མཉམ་ལས་འགན་འཛིན་བསྟན་འཛིན་ཆོས་འཕེལ་ལགས་དང་ཡང་ད་ལོ་ཨ་མེ་རི་ཀར་སློབ་གཉེར་ལ་ཡོང་རྒྱུ་ཡིན་པ་ཕུར་བུ་འཕྲིན་ལས་གཉིས་ལ་བཀའ་འདྲི་ཞུས་ཏེ་གནས་ཚུལ་རྒྱུས་ལོན་བྱས་ཏེ་པྱོགས་སྒྲིག་བྱས་པ་་ཞིག་གསན་རོགས་གནང་།

XS
SM
MD
LG