ངོ་འཕྲད་བདེ་བའི་དྲ་འབྲེལ།

རང་དབང་ཚོགས་སྡེ་ཡིས་བོད་རྒྱ་ཕྱོགས་གཉིས་ལ་བཅོལ་བའི་རེ་བ།


བོད་མདོ་སྨད་ཀླུ་ཆུའི་རྨོག་རུ་དགོན་པའི་དགེ་འདུན་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས། ཚེས་༢༦་ཉིན་རྒྱ་ནག་གཞུང་གིས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་དེར་ངོ་རྒོལ་གྱིས་རང་ལུས་མེར་སྲེག་ངོ་རྒོལ་གནང་ནས་འདས་གྲོངས་སུ་ཕྱིན་ཡོད་པ་རེད། སྡེ་མི་དང་དགོན་པའི་གྲྭ་མང་གིས་ཁོང་གི་སྐུ་ཕུང་དགོན་པར་གདན་འདྲེན་ཞུས་ཀྱང་། ཉེན་རྟོག་པས་སྐུ་ཕུང་བཙན་འཕྲོག་བྱེད་པར་དོགས་ནས་དཀོན་མཆོག་བསྟན་འཛིན་ལགས་ཀྱི་སྐུ་ཕུང་དགོང་མོ་དེར་བྱ་གཏོར་བྱ་དགོས་ཆགས་པ་རེད། བོད་ནང་གི་བོད་མིའི་ཛ་དྲག་གི་གནས་བབ་དང་བོད་རྒྱ་ཕྱོགས་གཉིས་ཀྱི་རྣམ་འགྱུར་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོའི་བསམ་ཚུལ་ཐད་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད། །
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG