ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་གྱི་ཉེན་རྟོག་པས་འོས་སྒམ་བཙན་འཕྲོག་བྱས་པར་བོད་དོན་ཚོགས་པ་ཁག་གིས་སྐྱོན་བརྗོད་བྱས་པ།


བཙན་བྱོལ་བོད་མི་གནས་ཡུལ་གང་སར་ སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་༡༥པའི་སྤྱི་འཐུས་འོས་འདེམས་ཀྱི་སྔོན་འགྲོའི་འོས་བསྡུ་བྱེད་པའི་སྐབས་ བལ་ཡུལ་གཞུང་གི་དྲག་ཆས་ཉེན་རྟོག་པས་ དེ་ཁུལ་གནས་འཁོད་བོད་མིས་གལ་ཆེ་དོན་ཆེར་བརྩིས་ནས་འཕངས་པའི་འོས་ཤོག་སྟོང་ཕྲག་མང་པོ་ཡོད་པའི་འོས་སྒམ་མང་པོ་ཞིག་ གློ་བུར་དུ་བཙན་འཕྲོག་བྱས་པའི་དོན་རྐྱེན་བྱུང་བ་དེར་ བོད་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་ཁག་གིས་ངོ་རྒོལ་དང་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་ཅིང་ དེའི་ཕྱི་ཉིན་ ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ནང་ བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ བལ་ཡུལ་གྱི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་གྱི་རྔམ་སྟོན་ལས་འགུལ་ཞིག་སྤེལ་ཡོད་པའི་སྐོར་ དཔལ་མོ་མཁས་གྲུུབ་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང༌།

XS
SM
MD
LG