ངོ་འཕྲད་བདེ་བའི་དྲ་འབྲེལ།

ནད་གཞི་ཚབས་ཆེ་ཕོག་པའི་རང་རིགས་གཞོན་སྐྱེས་ཞིག་གི་སྨན་བཅོས་ཀྱི་ཆེད་ཞལ་འདེབས།


རྒྱ་གར་ལྷོ་ཕྱོགས་མོནཌ་གོཌ་བོད་མིའི་གཞིས་ཆགས་ཀྱི་གཞོན་སྐྱེས་དང་བླང་བ་ཚོས་འགན་འཁུར་གཙོ་བོར་ལེན་ཏེ་ས་གནས་ཀྱི་བོད་མི་སེར་སྐྱ་མང་ཚོགས་དང་ དེ་བཞིན་ཕྱི་རྒྱལ་དུ་གནས་འཁོད་བོད་མི་བཅས་པས་རང་ལོ་༢༡་ཡིན་པ་བོུ་ཉི་མ་ལྷ་མོ་ལགས་ཀྱི་རྐང་རུས་ལ་ནད་གཞི་ཚབས་ཆེན་ཕོག་སྟེ་སྨན་བཅོས་ཀྱི་འགྲོ་གྲོན་ཅི་ཆེ་གཏོང་དགོས་ཆགས་རྒྱུའི་དམིགས་རྟེན་དུ་ཧ་ཅང་གཏོང་ཕོད་ཆེན་པོའི་སྒོ་ནས་ཞལ་འདེབས་གནང་སྟེ་ད་ཆ་ཟླ་བ་གཅིག་མ་སོང་བའི་དུས་ཡུན་ནང་དགོས་ངེས་ཀྱི་དངུལ་འབོར་ལས་ལྷག་པའི་ཞལ་འདེབས་བྱུང་སྟེ་ལས་འགུལ་བ་ཚོས་ད་ཆ་ཞལ་འདེབས་བསྡུ་རུབ་བྱ་རྒྱུ་མིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད། འདིའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་ས་གནས་སུ་ཡོད་པའི་དགེ་འདུན་པ་བློ་བཟང་ཟླ་བ་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་གནང་གི་རེད།

XS
SM
MD
LG