ངོ་འཕྲད་བདེ་བའི་དྲ་འབྲེལ།

ཟླ་བ་རྗེས་མར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐེངས་༢༥་དེ་འཚོགས་འཆར་ཡོད་ཅིང་། ད་ལོའི་ཚོགས་ཆེན་ཐོག་ཏུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ནུས་ཤུགས་ཆེ་ཙམ་འཐོན་དགོས་ཀྱིན་འདུག་ཅེས་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་༢༠་ཐམ་པ་འཇི་ཎི་ཧྦར་ལྷན་འཛོམས་བྱུང་ཡོད་པ་དེར་བོད་མི་མང་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་མཉམ་ཞུགས་གནང་སྟེ། ཁོང་གིས་རྒྱ་ནག་ལ་བོད་པའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རུ་འཇུག་དགོས་ཞེས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐང་ལྷན་ཁང་ལ་འབོད་སྐུལ་ཞུས་ཡོད་སྐོར། ཕུན་ཚོགས་ཚེ་རིང་གིས་ཕྱོགས་བསྒྲིགས་ཞུས་པའི་གནས་ཚུལ་དེ་གསན་རོགས་གནང་།།
XS
SM
MD
LG