ངོ་འཕྲད་བདེ་བའི་དྲ་འབྲེལ།

སྐབས་བཅོ་ལྔ་པའི་སྤྱི་འཐུས་ཚོགས་དུས་གཉིས་པ་དང་སྤྱི་མོས་ཁག


སྐབས་བཅོ་ལྔ་པའི་སྤྱི་འཐུས་ཚོགས་དུས་གཉིས་པ་དང་སྤྱི་མོས་ཁག

བརྙན་འཕྲིན་གཟིགས་ན། (Windows Media)

ད་རིང་ང་ཚོའི་ལས་རིམ་ནང་ད་ལྟ་འཚོག་བཞིན་པའི་སྐབས་བཅོ་ལྔ་པའི་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དང་དེའི་ཐོག་ལ་སྤྱི་མོས་བྱུང་བའི་གནད་དོན་ཁག་ལ་དཔྱད་ཞིབ་དང་བགྲོ་གླེང་། ལས་རིམ་ནང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་སློབ་དཔོན་མཁས་པོ་བསོད་ནམ་བསྟན་འཕེལ་ལགས་གདན་འདྲེན་ཞུས་ཡོད་པ་དང་། དེ་རྗེས་སུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨུ་རྒྱན་བསྟན་ལགས་དང་དེ་བཞིན་བྱང་ཨ་མི་རི་ཀའི་སྤྱི་འཐུས་ཟུར་པ་བསྟན་འཛིན་ཆོས་དབྱངས་ལགས་གདན་འདྲེན་ཞུས་ནས་བགྲོ་གླེང་

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།

XS
SM
MD
LG