ངོ་འཕྲད་བདེ་བའི་དྲ་འབྲེལ།

འབའ་ཆོས་སྡེ་དགོན་དུ་བཙུན་མ་ཞིག་གིས་རང་ལུས་མེར་བསྲེཌ་བཏང་བ།


རེས་གཟའ་སྤེན་པའི་དགོང་དྲོའི་བོད་ཀྱི་ཆུ་ཚོད་༣པ་ཙམ་ལ་བཙུན་མ་ཞིག་གིས་བོད་ཤར་ཕྱོཌ་འབའ་ཆོས་སྡེའི་དགོན་པའི་སྐོར་ལམ་དུ་རང་ལུས་མེར་བསྲེཌ་བཏང་འདུག་པ་དང་། དགོན་པར་སྐོར་ཡང་བརྒྱག་མཁན་དང་རྐྱང་ཕྱག་འབུལ་མཁན་བོད་མི་ཚོས་བཙུན་མ་དེས་རང་ལུས་མེར་བསྲེཌ་བཏང་བ་མཐོང་མ་ཐག་ཁོང་ཚོས་མེ་བསད་དེ་བཙུན་མ་དེ་ལམ་སང་ཉེ་འཁོར་གྱི་སྨན་ཁང་ཞིག་ལ་འཁྲིད་འདུག གནས་ཚོུལ་བྱུང་ཁུངས་ཀྱིས་བརྗོད་པར་གཞིགས་ན་བཙུན་མ་དེ་སྨན་ཁང་དུ་འབྱོར་མ་ཐག་རྒྱ་ནག་གི་དམག་མི་དང་ཉེན་རྟོག་པ་ཚོ་ཡོང་སྟེ་བོད་མི་གཞན་རྣམས་སྨན་ཁང་ནང་ཡོང་རྒྱུ་བཀག་འགོག་བྱ་རྒྱུར་སྨན་ཁང་དེ་སྒོ་བརྒྱབས་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག

འབའ་ཐང་ནས་ཡིན་པ་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལཌ་ཀྱིས་ཨ་རིའི་་རླུང་འཕྲིན་ཁང་ལ་གསུངས་དོན་ལ་རྒྱ་ནག་གཞུང་གི་ཉེན་རྟོག་པ་ཚོས་ཕྱི་ལོག་གི་མི་རྣམས་སྨན་ཁང་ནང་ཡོང་མི་ཆོག་པ་བཟོས་པ་དེས་བཙུན་མ་དེའི་ད་ལྟའི་གནས་སྟངས་དང་། ཁོང་གི་མཚན་དང་ཕ་མ་སུ་ཡིན་སོཌ་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་ཐུབ་ཀྱི་མི་འདུག་དང་། རྒྱ་ནག་གཞུང་གིས་བཙུན་མ་དེས་རང་ལུས་མེར་བསྲེཌ་བཏང་བའི་གནས་ཚུལ་དེ་ཕྱི་ཕྱོཌ་ལ་ཁྱབ་འཕེལ་འགྲོ་བ་འགོག་རྒྱུར་དེ་ཁུལ་གྱི་ཁ་སྤར་དང་གནས་འཕྲིན་དྲ་རྒྱ་སོགས་ལ་བཀག་འགོག་གི་དམ་བསྒྲགས་ཆེན་པོ་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
XS
SM
MD
LG