ངོ་འཕྲད་བདེ་བའི་དྲ་འབྲེལ།

སྦག་སྦག་བཞོན་ཏེ་བསྐོར་བསྐྱོད་ལས་འགུལ་གནང་མཁན་ཚོས་ལས་འགུལ་མཇུག་བསྒྲིལ་གནང་ཡོད་པ།


རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་གཞིས་ཆཌ་ཀྱི་གཞིས་གྲོང་བརྒྱད་པའི་གཞོན་སྐྱེས་༡༣ གྱིས་ཉེ་དུས་འདི་ཟླའི་ཚེས་༢ནས་བཟུང་རྒྱ་གར་གྱི་ནུབ་ཕྱོགས་མངའ་སྡེ་མཧཱ་རཱཤ་ཀྲའི་ས་གནས་ཁག་༢༠ལྷག་གི་ནང་སྣུམ་འཁོར་སྦག་སྦག་བཏང་ཏེ་བསྐོར་བསྐྱོད་ལས་འགུལ་སྤེལ་ཡོད་པ་དང་། ཁོང་ཚོས་མངའ་སྡེ་དེའི་ནང་ལེ་དབར་༣༥༠༠འི་སར་བསྐོར་བསྐྱོད་ལས་འགུལ་གནང་སྟེ། ཁེ་ས་ཚེས་༡༤འི་ཉིན་མུན་གྷོཌ་གཞིས་ཆགས་སུ་བསྐོར་བསྐྱོད་ལས་འགུལ་མཇུག་བསྒྲིལ་ཡོད་པ་སོགས་ཀྱི་སྐོར་ལ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་བསྐོར་བསྐྱོད་ལས་འགུལ་བའི་དབུ་འཁྲིད་སྐུ་ཞབས་དགུ་དྲག་ལགས་ལ་ཞལ་དཔར་གྱི་ཐོག་ནས་གནས་འདྲི་ཞུས་ཏེ་ཕྱོགས་བསྒྲིགས་ཞུས་པའི་གནས་ཚུལ་དེ་གསན་རོགས་གནང་།
XS
SM
MD
LG