ངོ་འཕྲད་བདེ་བའི་དྲ་འབྲེལ།

གྲྭ་བ་ཕུན་ཚོགས་འདས་གྲོངས།


Phuntsok set himself ablaze on March 16, 2011, exactly 3 years after bloody crackdown on Tibetans of Ngaba on March 16, 2008. He succumbed to his injuries at 3AM (Beijing time) on March 17, 2011

ཕྱི་ལོ་༢༠༠༨་ཀྱི་ཟླ་བ་༣་ཚེས་༡༠་ནས་མདོ་དབུས་ཁམས་གསུམ་གྱི་གངས་ཅན་པ་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ཞི་བའི་ངོ་རྒོལ་བྱས་དང་། སྐབས་དེར་མདོ་སྨད་རྔ་བ་ས་ཁུལ་གྱི་སེར་སྐྱ་མི་མང་གིས་ཀྱང་རྒྱ་ནག་གི་དབང་སྒྱུར་ལ་ཞི་བའི་ངོ་རྒོལ་བྱེད་རྒྱུ་འགོ་ཚུགས་ཤིང་། ཁ་སང་ཕྱི་ཚེས་༡༦་ཉིན་རྔ་བ་ཀིརྟི་དགོན་པའི་གྲྭ་བ་ཕུན་ཚོགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་ས་བྱིའི་ཞི་རྒོལ་ཆེན་མོ་ལངས་ནས་ལོ་གསུམ་འཁོར་པའི་དུས་དྲན་སྲུང་བརྩི་དང་། རྒྱ་ནག་གཞུང་གིས་སྔར་བཞིན་བོད་མི་དམངས་ལ་དྲག་གནོན་བྱེད་ཀྱི་ཡོད་པ་དེར་ལ་ངོ་རྒོལ་བྱས་པར་བརྟེན། ཁོང་གི་ལུས་པོ་མེར་འཚིག་པ་དང་རྒྱ་གཞུང་གི་ཉེན་རྟོག་པས་རྡུང་རྡེག་བཏང་བ་མ་ཟད། ཁོང་ལ་འཕྲལ་དུ་སྨན་བཅོས་བྱས་མ་ཐུབ་པ་དང་། དེར་བརྟེན་ཕྱི་ཟླ་༣་ཚེས་༡༧་ཉིན་རང་ལོ་༢༤་ལ་སོན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བ་ཕུན་ཚོགས་འདས་གྲོངས་སུ་གྱུར་ཡོད་པ་རེད།

XS
SM
MD
LG