༄༅།། ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་ནག་ཆུ་རྫོངས་ཁོངས་ཀྱི་གནའ་ བོའི་དགོན་པ་ཞིག་གི་ནང་། རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས། རང་ གིས་བདམས་པའི་སྤྲུལ་སྐུ་ཞིག་བསྐོ་བཞག་བྱ་ཐབས་བྱས་པར། ས་གནས་ཀྱི་ བོད་མི་རྣམས་ཀྱིས་ངོས་ལེན་མ་བྱས་པར་བརྟེན། དགོན་པ་དེ་དུས་ཚོད་ངེས་ མེད་ཀྱི་རིང་རྒྱ་ནག་གི་ཉེན་རྟོག་པ་ཚོའི་ལྟ་སྲུང་ནན་པོའི་འོག་ཏུ་བཞག་ ཡོད་པའི་སྐོར་བོད་ཀྱི་མང་གཙོ་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་བསྟི་ གནས་ཁང་གིས་གནས་ཚུལ་སྤེལ་བ་ཞིག་བྱང་ཆུབ་སྒྲོལ་མས་ཕབ་བསྒྱུར་གྱིས་ སྙན་སྒྲོན་ཞུ་ཡི་རེད།