ངོ་འཕྲད་བདེ་བའི་དྲ་འབྲེལ།

རྔ་པར་བོད་པ་ཞིག་གིས་བསྐྱར་དུ་རང་སྲེག་ངོ་རྒོལ་བྱས་པ།


བཙན་བྱོལ་དུ་ཡོད་པའི་བོད་མིར་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན། དེ་རིང་སྤྱི་ཟླ་༢ཚེས་༡༣དང་གཟའ་ཕུར་བུའི་ཕྱི་དྲོ་ཆུ་ཚོད་དྲུག་དང་ཕྱེད་ཀ་ཙམ་ལ་ཨ་མདོ་རྔ་པ་ཀིརྟི་དགོན་པའི་ཉེ་འཁྲིས་སུ་ཡོད་པའི་དཔའ་བོའི་སྲང་ལམ་ཐོག་བོད་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་ཡོད་ཅིང་། སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ཏུ་གནས་ཚུལ་བཀོད་པའི་ནང་རང་ལུས་མེར་བསྲེགས་བཏང་མཁན་ཁོང་གི་མིང་ལ་རྡོ་རྗེ་ཟེར་བ་ཙམ་ལས་དེ་མིན་འཆི་གསོན་དང་སྐད་འབོད་གང་བྱས་མིན་སོགས་ཞིབ་ཕྲའི་གནས་ཚུལ་མི་འདུག འོན་ཀྱང་ད་ལྟ་རྔ་པ་རྫོང་དང་ཀིརྟི་དགོན་པའི་ཉེས་འཁྲིས་ཀྱི་སྲང་ལམ་ཁག་ཏུ་རྒྱ་ནག་གཞུང་གི་དྲག་ཆས་ཉེན་རྟོག་པ་འབོར་ཆེན་ཞིག་བཀྲམས་ཡོད་འདུག

please wait

No media source currently available

0:00 0:03:21 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG