ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་པ་ཞིག་འདས་གྲོངས།


རྒྱ་གར་གྱི་ཁྲིམས་རྩོད་པ་གྲགས་ཅན་རཱམ་ཇེ་ཊི་མ་ལ་ཎི་འདས་གྲོངས་སུ་གྱུར་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་གཞོན་པ་ཟུང་གིས་དམ་པ་དེའི་ཤུལ་ལུས་བཟའ་མི་ཚོར་ཐུགས་གསོ་གནང་ཡོད་ཅིང་། རཱམ་ཇེ་ཊི་མ་ལ་ཎི་དམ་པ་དེ་ཉིད་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་གུས་བཀུར་དང་དབུ་མའི་ཐབས་ལམ་ལ་རྗེས་སུ་ཡི་རངས། དམ་པ་དེས་ལོ་མང་རིང་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་ཡོད་པ་བཅས་ཀྱི་བཀའ་དྲིན་ལ་བོད་པ་བཙན་བྱོལ་བ་ཚོས་རྗེས་དྲན་ཞུས་པའི་ཞིབ་ཕྲའི་གནས་ཚུལ་རྣམས་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG