ངོ་འཕྲད་བདེ་བའི་དྲ་འབྲེལ།

༼འཇིགས་བྲལ་༽ཞེས་པའི་གློག་བརྙན་དེ་ནི་བོད་ནང་གི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་སེམས་ནང་གི་སྐད་ཆ་རྣམས་འཇིགས་སྣང་མེད་པར་ཕྱི་ལ་བསྒྲགས་པའི་དངོས་བྱུང་གློག་བརྙན་ཞིག་རེད། གློག་བརྙན་དེ་བཟོ་མཁན་ནི་དོན་གྲུབ་དབང་ཆེན་ལགས་ཡིན་པ་དང་། དོན་གྲུབ་དབང་ཆེན་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་ལོ་དྲུག་རིང་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད་དེ། ད་ལྟ་དོན་གྲུབ་དབང་ཆེན་གྱི་བཙོན་འཇུག་དུས་ཡུན་ཡོངས་སུ་གཙང་སྟེ་གློད་གྲོལ་གཏོང་བའི་དུས་ཚོད་ལ་སླེབས་ཡོད། འདིའི་ཐད་ལ་ནེའུ་ཡོག་གྲོང་ཁྱེར་ནང་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པས་དོན་གྲུབ་དབང་ཆེན་དུས་ཐོག་ཏུ་གློད་གྲོལ་ཡོང་བའི་ལས་འགུལ་ཞིག་སྤེལ་ཡོད་པའི་སྐོར་ལ། ས་གནས་ནས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་ཕན་ཐོགས་ལགས་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།
XS
SM
MD
LG