ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་མདོ་ཁམས་ཕྱོགས་སུ་དྲ་རྒྱའི་བརྡ་རྟགས་བཅད།

  • ཨ་རིའི་རླུང་འཕྲིན་ཁང་།

༄༅།། ཉེ་ཆར་རྒྱ་ནག་གི་ཆུ་འབྲུག་གནམ་ལོ་གསར་དུ་ཚེས་པའི་སྐབས་སུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བྲག་མགོ་རྫོང་དང་གསེར་རྟ་རྫོང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་པདྨ་རྫོང་སོགས་བོད་ས་མང་དག་ཅིག་གིས་སེར་སྐྱ་མང་ཚོགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་དང་། རྒྱ་ནག་གི་དྲག་ཆས་ཉེན་རྟོག་པས་བོད་པ་ངོ་རྒོལ་བ་དེ་དག་གི་ཁྲོད་དུ་མེ་མདའ་བརྒྱབ་ནས་མི་མང་པོ་ཞིག་ལ་སྲོག་སྐྱོན་དང་རྨས་སྐྱོན་ཚབས་ཆེ་ཕོག་ནས་བཟུང་། རྒྱ་ནག་གཞུང་གིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སོགས་ལ་ཕྱི་རྒྱལ་གྱི་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ་བཀག་ཅིང་། དེ་རིང་ཕྱི་ཟླ་༢་ཚེས་༣་ཉིན་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་པ་ལྟར་ན། རྒྱ་ནག་གཞུང་གིས་བྲག་མགོ་རྫོང་དང་གསེར་རྟ་རྫོང་ལ་དྲ་རྒྱའི་འབྲེལ་ལམ་བཀག་མདོ་ཁམས་ཀྱི་བོད་ས་དེ་དག་གི་ནང་དུ་གནས་ཚུལ་ཅི་ཞིག་འབྱུང་གི་ཡོད་མེད་ཤེས་རྟོགས་དཀའ་བ་ཞིག་རེད་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།

XS
SM
MD
LG