ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བཙན་བྱོལ་བོད་མིས་༡༩༥༡ལོ་བཙན་དབང་འོག་ཏུ་བཞག་བཅུག་པའི་གྲོས་མཐུན་ལ་རྩིས་མེད་གཏོང་བཞིན་པ།


རྒྱ་ནག་གཞུང་གིས་ཕྱི་ཟླ་ལྔ་པའི་ཚེས་༢༣ ཉིན་བོད་རྒྱའི་དབར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་སྟེ་ བོད་ཞི་བའི་བཅིངས་བཀྲོལ་བཏང་ནས་མི་ལོ་༦༠ འཁོར་སོང་ཞེས་དུས་དྲན་གྱི་བྱེད་སྒོ་གཟབ་རྒྱས་སྤེལ་ཡོད་པ་དེ་ལྟར་ནའང་ བཙན་བྱོལ་བོད་མི་ཚོས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་ནི་བོད་གཞུང་སྐབས་དེར་རྒྱ་ནག་གཞུང་གིས་སྐུ་ཚབ་ཚོར་བཙན་དབང་འོག་ཏུ་བཞག་བཅུག་པ་ཞིག་ཡིན་པ་མ་ཟད་ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་མཆོག་རྒྱ་གར་ས་ཐོག་བཙན་བྱོལ་དུ་ཞབས་སོར་འཁོད་མ་ཐག་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་གནང་ཡོད་པའི་གསལ་བསྒྲགས་ཤིག་སྤེལ་འདུག་ཅིང་། དེ་བཞིན་དུས་ཚེས་དེའི་རྗེས་དྲན་ལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་ངོ་རྒོལ་གྱི་ལས་འགུལ་སྣ་མང་ཞིག་སྤེལ་ཡོད་པའི། དེའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲགིས་གནང་བའི་གནས་ཚུལ་ཞིག་གསན་གྱི་རེད།

XS
SM
MD
LG