ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་དུ་བོད་པ་ན་གཞོན་ཞིག་གིས་རང་ལུས་མེར་སྲེག


I
I

འདས་པའི་ཟླ་བ་ཁ་ཤས་ནང་དུ་བོད་ནང་ལོགས་སུ་བོད་པ་སེར་སྐྱ་མང་པོ་ཞིག་གིས་གཅིག་རྗེས་གཉིས་མཐུད་དུ་རང་ལུས་མེར་སྲེག་བཏང་སྟེ། ཁོང་ཚོས་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་དེར་ངོ་རྒོལ་བྱས་པའི་གནས་ཚུལ་འབྱུང་བཞིན་ཡོད་ཅིང་། ད་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་བོད་པ་ན་གཞོན་ཤེས་རབ་བམ། ཡང་ན་མིང་གཞན་ལ་མིག་དམར་ཚེ་རྡོར་ཞེས་པ་ཞིག་གིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རང་ལུས་མེ་སྲེག་བཏང་སྟེ། ཁོང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཤིང་། ད་ལྟ་ཁོང་ལ་རྒྱ་གར་གྱི་སྨན་ཁང་ཞིག་ཏུ་ཛ་དྲག་གིས་སྨན་བཅོས་བྱེད་བཞིན་ཡོད་ནའང་། ཁོང་གི་ལུས་སྨད་ཕྱེད་ཀ་ལྷག་མེར་ཚིག་པའི་གནས་སྟངས་འོག་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་ལྡི་ལི་ས་གནས་གཞོན་ཚོགས་གཙོ་བཀྲ་ཤིས་དབང་ཕྱུག་ལ་བཅར་འདྲི་ཞུས་ཡོད་པ་ཞིག་གསན་རོགས་གནང་།

XS
SM
MD
LG