ངོ་འཕྲད་བདེ་བའི་དྲ་འབྲེལ།

སྡེ་དགེ་ཡིད་ལྷུང་ནས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་དགོས་པའི་འབོད་སྒྲ།


བོད་ཁམས་སྡེ་དགེ་ཡིད་ལྷུང་མ་ཎི་གད་འགོ་ནས་ན་གཞོན་ཞིག་གིས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག་ཅེས་ཁྲོམ་དུ་སྐད་འབོད་བྱས་འདུག དེ་ནི་ཕྱི་ཟླ་༤ཚེས་༨་ཉིན་་བྱུང་བ་རེད་ཅེས་བརྙན་པར་གྱི་གནས་ཚུལ་མཁོ་སྤྲོད་པས་བཤད་ཡོད། ད་ཕན་ངོ་རྒོལ་བྱེད་མཁན་གྱི་མིང་དང་ལོ་སོགས་གནས་ཚུལ་ཁ་གསལ་པོ་ཐོན་མེད། བརྙན་པར་གྱི་སྐད་སྒྲ་ལ་གཞིགས་ན་སྲང་ལམ་དུ་མི་ཞིག་གིས་ལག་ནས་ཡི་གེ་གནམ་ལ་གཏོར་བ་དང་། ཁ་ནས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག་ཅེས་འབོད་བཞིན་ཡོད། སྐར་མ་༡ དང་སྐར་ཆ་༢༠ བྱས་པའི་བརྙན་པར་གྱི་མཐའ་མཇུག་ཏུ་་གཡས་གཡོན་གྱི་བོད་མི་ཚོས་ཁོ་ལ་རྒྱབ་སྐྱོར་གྱི་ཚུལ་དུ་ཕོ་ལྷ་བསོ་ཞེས་སྐད་བརྒྱབ་པ་དང་། སྲང་ལམ་དུ་ངོ་རྒོལ་བྱས་པའི་རྗེས་སུ་ཁོང་འཛིན་བཟུང་བྱས་འདུག། གནས་ཚུལ་ཁ་གསལ་དུ་འགྲོ་ན་གནས་ཚུལ་ཁ་སྣོན་ཞུ་རྒྱུ་ཡིན།
XS
SM
MD
LG