ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

དེང་རབས་བོད་ཀྱི་སྒྱུ་རྩལ་འགྲེམ་སྟོན།


དེང་རབས་བོད་ཀྱི་སྒྱུ་རྩལ་འགྲེམ་སྟོན།
དེང་རབས་བོད་ཀྱི་སྒྱུ་རྩལ་འགྲེམ་སྟོན།

ཕྱི་ཟླ་༩་ཚེས་༡༠་ནས་ཕྱི་ཟླ་༡༠་ཚེས་༡༠་བར་དུ་པེ་ཅིང་གི་སྒྱུ་རྩལ་འགྲེམ་སྟོན་ཁང་ལ་ཉི་བཀྲག་ཅེས་པའི་དེང་རབས་བོད་ཀྱི་སྒྱུ་རྩལ་འགྲེམ་སྟོན་ཞིག་ཚུགས་ཡོད་པ་དང་། འགྲེམ་སྟོན་སྒོ་འབྱེད་ཀྱི་མཛད་སྒོའི་སྐབས་སུ་འགྲེམ་སྟོན་དེར་མཉམ་ཞུགས་བྱས་ཡོད་པའི་སྒྱུ་རྩལ་པ་ཚོས་བོད་ཀྱི་སྲོལ་རྒྱུན་ལྟར་བསངས་གསོལ་བྱས་པ་དང་ཀྭི་ཀྭི་སྭོ་སྭོ་ལྷ་རྒྱལ་ལོ་འཐེན་པ་མ་ཟད། བོད་ཀྱི་དེང་རབས་སྒྱུ་རྩལ་འགྲེམ་སྟོན་འདིར་བོད་པ་རི་མོ་འབྲི་མཁན་༣༧་དང་རྒྱ་རིགས་རི་མོ་འབྲི་མཁན་༡༣་མཉམ་ཞུགས་ཡོད། བོད་པ་སྒྱུ་རྩལ་པ་དེ་དག་གི་གྲས་སུ་མདོ་དབུས་ཁམས་གསུམ་གྱི་རི་མོ་མཁས་པ་དང་།

ད་དུང་ཕྱི་རྒྱལ་ནས་ཕེབས་པ་བོད་པ་རི་མོའི་སྒྱུ་རྩལ་པ་ཡང་ཞིག་ཡོད་ལ། ཁོང་ཚོའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་རི་མོ་དེ་ཚོས་མི་རིགས་དང་ཆོས་ལུགས། གཞུང་རིག་དང་སྲོལ་རྒྱུན་གྱི་ཡུལ་སྲོལ་གོམས་གཤིས་སྣ་ཚོགས་ཤིག་མཚོན་གྱི་ཡོད་པ་རེད། ཉེ་ཆར་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སི་ཊེ་ཧྥུ་ནི་ཧོ་ཡིས་རྒྱ་ནག་གི་སྙན་གྲགས་ཆེ་བའི་དེང་རབས་རི་མོ་དཔྱད་ཞིབ་པ་དང་། ད་ཐེངས་ཀྱི་རི་མོའི་འགྲེམ་སྟོན་གོ་སྒྲིག་པ་ལི་ཞན་ཐིང་ལ་བཅར་འདྲི་ཞུས་པའི་བརྙན་འཕྲིན་ཚན་པ་དེར་གཟིགས་རོགས་གནང་།

XS
SM
MD
LG