ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་དབུ་བཞུགས་ནུབ་ཕྱོགས་སུ་ལོ་གསར་དང་པོ།


༡༩༥༩ ལོའི་ཕྱི་ཟླ་གསུམ་པའི་ཚེས་ ༡༧ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ནས་རྒྱ་གར་ལ་ཆིབས་སྒྱུར་མ་གནང་གོང་ཙམ་ལ་ལྷ་ལྡན་རྒྱལ་སར་ལོ་གསར་གྱི་དགྱེས་སྟོན་མཐའ་མ་དེ་གནང་ཡོད་པ་དང་། དེ་ནས་ད་བར་འདས་པའི་ལོ་ ༥༤ རིང་ལོ་གསར་གྱི་དགྱེས་སྟོན་བཞུགས་སྒར་དྷ་རམ་ས་ལར་གནང་ཡོད་པ་རེད། བཞུགས་སྒར་དྷ་རམ་ས་ལར་སྔར་སྲོལ་བཞིན་ཐེག་ཆེན་ཆོས་གླིང་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་དཔལ་ལྡན་ལྷ་མོར་གཏོར་གསོལ་འབུལ་བའི་ཚེ་གཏོར་དང་དེ་རྗེས་གཞུང་འབྲེལ་མཛད་སྒོ་བཅས་ལ་ཆིབས་སྒྱུར་མཛད་གནང་གི་ཡོད་པ་དང་། ད་ལོ་ཤིང་རྟ་ལོའི་ལོ་གསར་གྱི་དགྱེས་སྟོན་ཆེ་མོ་དེ་ཨ་རིའི་མངའ་སྡེ་མི་ནི་སོ་ཌའི་གྲོང་ཁྱེར་མི་ནྱི་པོ་ལིས་ལ་གནང་ཡོད་པ་དེ་ནི་ནུབ་ཕྱོགས་སུ་ལོ་གསར་དགྱེས་སྟོན་གནང་བ་ཐེངས་དང་པོ་ཡིན་པ་རེད། ད་རིང་གི་ཀུན་གླེང་ལས་རིམ་གྱིས་ཨ་རིའི་མངའ་སྡེ་མི་ནི་ས་ཌར་༧གོང་ས་མཆོག་དབུ་བཞུགས་ཤིང་རྟ་ལོའི་ལོ་གསར་དགྱེས་སྟོན་ཆེ་མོའི་ལས་རིམ་ཕྱོགས་བསྡུས་ཞུས་པ་ཞིག་རིམ་པར་སྙན་སྒྲོན་ཞུ་རྒྱུ་ཡིན།
XS
SM
MD
LG