ངོ་འཕྲད་བདེ་བའི་དྲ་འབྲེལ།

ལ་དྭགས་ཀྱི་བོད་པ་བཙན་བྱོལ་བའི་འབྲོག་པ་ཚོར་གངས་སྐྱོན་གྱི་དཀའ་ངལ།


ད་ལོའི་དགུན་དུས་འདིར་ལ་དྭགས་ཀྱི་བྱང་ཐང་དུ་ཡོད་པའི་བོད་པ་བཙན་བྱོལ་བའི་འབྲོག་པ་ཚོར་གངས་སྐྱོན་གྱི་གནོད་འཚེ་ཆེན་པོ་ཐེབས་པ་དང་། ད་བར་མི་མང་གི་འཚོ་རྟེན་ཕྱུགས་ཟོག་བརྒྱ་ཆ་༣༠་ནས་༤༠་ཙམ་གངས་ཁྲོད་དུ་མུག་ཤི་ཐེབས་ཀྱང་ལ་དྭགས་ཀྱི་ས་གནས་ཕལ་ཆེ་བར་ཟླ་ཤས་རིང་དྲོད་འབབ་ཐུབ་རྒྱུ་མིན་ཞིང་། གཟའ་འཁོར་འདིར་བཙན་བྱོལ་བོད་གཞུང་གི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་གངས་སྐྱོན་ཕོག་ཡུལ་ལ་དྭགས་བྱང་ཐང་གི་བོད་པ་བཙན་བྱོལ་བའི་གནས་སྟངས་ལ་གཟིགས་ཞིབ་ཏུ་ཕེབས་ཏེ། ཁོང་གིས་རྒྱ་གར་གཞུང་ལ་བོད་པ་བཙན་བྱོལ་བའི་འབྲོག་པ་ཚོར་སྐྱོབ་གསོ་རོགས་རམ་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་པའི་སྐོར། རྡོ་རྗེ་ཚེ་བརྟན་གྱིས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་གཞིས་འགོ་དོན་གྲུབ་བཀྲ་ཤིས་ལགས་སུ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།
XS
SM
MD
LG