ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བོད་པའི་སྐད་ཡིག་གི་ཐོབ་ཐང་རྩོད་པའི་ལས་འགུལ་རྒྱ་སྐྱེད།


བོད་པའི་སྐད་ཡིག་གི་ཐོབ་ཐང་རྩོད་པའི་ལས་འགུལ་རྒྱ་སྐྱེད།
བོད་པའི་སྐད་ཡིག་གི་ཐོབ་ཐང་རྩོད་པའི་ལས་འགུལ་རྒྱ་སྐྱེད།

རྒྱ་ནག་གཞུང་གིས་ཨ་མདོ་ས་ཁུལ་གྱི་སློབ་གྲྭ་ཁག་གི་སློབ་ཚན་ཐམས་ཅད་རྒྱ་ཡིག་ལ་བསྒྱུར་རྒྱུའི་འཆར་གཞི་ཡོད་པ་དང་། ཕྱི་ཟླ་༡༠་ཚེས་༡༩་ཉིན་ཨ་མདོ་རེབ་གོང་ས་ཁུལ་གྱི་སློབ་ཕྲུག་ཚོས་སློབ་ཚན་ཚང་མ་རྒྱ་ཡིག་ནང་དུ་སློབ་ཁྲིད་བྱེད་དགོས་པའི་འཆར་གཞི་དེར་ངོ་རྒོལ་བྱས་ནས་བཟུང་། ད་ཆ་སློབ་ཕྲུག་གི་ངོ་རྒོལ་དེ་མཚོ་སྔོན་ཞིང་ཆེན་གྱི་ཆབ་ཆ་ས་ཁུལ་དང་ཁྲི་ཀ་རྫོང་། ད་དུང་མགོ་ལོག་ས་ཁུལ་བཅས་ལའང་ཁྱབ་གདལ་སོང་སྟེ། མཚོ་སྔོན་ཞིང་ཆེན་ཁོངས་སུ་ཡོད་པའི་བོད་ཕྲུག་སློབ་མ་སྟོང་ཕྲག་མང་པོས་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་ཤེས་ཡོན་སྲིད་ཇུས་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། དཔེར་ན་གོང་འཁོད་ས་གནས་ཁག་གི་བོད་ཕྲུག་སློབ་མ་ཚོས་མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་ཞེས་བྲིས་པའི་ཡིག་བྱང་འཁྱེར་ནས་སྐད་འབོད་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་གཞུང་འབྲེལ་མི་སྣ་ཚོས་སློབ་ཕྲུག་སུ་ཞིག་གིས་མུ་མཐུད་ནས་ངོ་རྒོལ་ལས་འགུལ་གྱི་སྣེ་ཁྲིད་བྱེད་ཚེ། སློབ་མ་དེ་སློབ་གྲྭ་ནས་ཕྱིར་ཕུད་གཏོང་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་ཡོད་པ་དང་། རྒྱ་གཞུང་ཉེན་རྟོག་པ་ཚོས་མི་མང་དཀྱུས་མ་དང་གྲྭ་བཙུན་རྣམས་སློབ་ཕྲུག་གི་ངོ་རྒོལ་ལས་འགུལ་དེར་མཉམ་ཞུགས་བྱེད་རྒྱུ་བཀག་འགོག་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།།

XS
SM
MD
LG