ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

སྤྱི་ཟླ་བཅུ་པར་སུ་སི་ནང་བོད་ཀྱི་གློག་བརྙན་དུས་སྟོན་འཚོགས་རྒྱུ་ཡིན་པ།


སུ་སི་ནང་ཡོད་པའི་བོད་ཀྱི་གློག་བརྙན་ཚོགས་པས་ཚེས་གསུམ་ཉིན་གསར་འགོད་གསལ་བསྒྲགས་སྤེལ་བར་གཞིགས་ན་སྤྱི་ཟླ་བཅུ་པའི་ཚེས་ཉི་ཤུ་དགུ་ནས་སུམ་ཅུ་བཅས་ཉིན་གཉིས་རིང་སུ་སི་གྲོང་ཁྱེར་ཛུ་རིག་ནང་བོད་ཀྱི་་གློག་བརྙན་དུས་སྟོན་ཐེངས་གཉིས་པ་བསྐོང་ཚོགས་བྱ་རྒྱུ་ཡིན་པ་དང་དུས་སྟན་དེའི་སྐབས་བོད་ཕྱི་ནང་་གཉིས་ཀྱི་བོད་མི་རང་ཉིད་ཀྱིས་་བཟོས་པའི་དེང་དུས་བོད་ཀྱི་གློག་བརྙན་ཁག་འདོན་རྒྱུ་ཡིན་པ་དང་དུས་སྟོན་དེ་ནི་རྒྱ་ནག་གི་བཙོན་འཇུག་འོག་ཡོད་པ་བོད་ཀྱི་གློག་བརྙན་འཇིགས་བྲལ་བཟོ་མཁན་སྐུ་ཞབས་དོན་གྲུབ་དབང་ཆེན་ལགས་དྲན་གསོའི་དུས་སྟོན་ཞིག་ཀྱང་ཆགས་རྒྱུ་ཡིན་འདུག

XS
SM
MD
LG