ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨོ་ས་ཊེར་ལི་ཡར་བོད་ཀྱི་དུས་སྟོན་ཚོགས་ཏེ་ཆུ་ལོག་གི་གནོད་འཚེ་བྱུང་བར་རོགས་རམ་བྱ་རྒྱུ


བདུན་ཕྲག་སྔོན་མའི་གཟའ་ཕུར་བུ་ནས་སྤེན་པ་བར་ཉིན་གསུམ་གྱི་རིང་ཨོ་ས་ཊེར་ལི་ཡའི་གྲོང་ཁྱེར་Brisbaneགྱི་ནང་བོད་ཀྱི་དུས་སྟོན་ཞིག་ཚོགས་ཏེ་ད་ལྟའི་བོད་ཀྱི་ཆབ་སྲིད་དང་ཁོར་ཡུག་གི་གནས་སྟངས་གསལ་སྟོན་བྱས་ཡོད་པ་རེད། ཉེ་ཆར་ཨོས་ཊེར་ལི་ཡའི་མངའ་སྡེ་queenslandཀྱི་རྒྱལ་སའི་གྲོང་ཁྱེར་དེ་ལ་ཆུ་ལོག་བྱུང་སྟེ་གནོད་ཚེ་བྱུང་ཡོད་ཀྱང། དུས་སྟོན་གོ་སྒྲིག་བྱེད་མཁན་ཆོས་རྒྱལ་ལགས་ཀྱིས་དུས་སྟོན་ཚོགས་ཐུབ་པ་བྱུང་གསུངས་པ་མ་ཟད་ས་གནས་མི་མང་མཉམ་བཞུགས་གནང་མཁན་ཚོས་འདུ་འཛོམས་དེ་ལ་བརྟེན་ནས་ཡིས་སེམས་ལ་འགུལ་ཐེབས་པ་བཤད་འདུག། ད་རེས་ཨོས་ཊེར་ལི་ཡའི་ནང་བོད་ཀྱི་དུས་སྟོན་དེ་ཚོགས་ཐེངས་གསུམ་པ་ཡིན་པ་རེད།

XS
SM
MD
LG