ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༤/༢༡

ཟླ་བ་འདིར་བོད་ལ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བཀག་འགོག


ཟླ་བ་འདིར་བོད་ལ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བཀག་འགོག
ཟླ་བ་འདིར་བོད་ལ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བཀག་འགོག

ཕྱི་ལོ་༢༠༠༨་ཀྱི་ཟླ་བ་གསུམ་པའི་ནང་བོད་ཀྱི་རྒྱལ་ས་ལྷ་ས་ནས་འགོ་བཙུགས་ཏེ། མདོ་དབུས་ཁམས་གསུམ་གྱི་གངས་ཅན་པ་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ཞི་བའི་ངོ་རྒོལ་བྱས་པ་དང་། ད་ལྟ་བོད་ཀྱི་ལོ་རྒྱུས་སུ་གྲགས་པའི་ས་བྱིའི་ཞི་རྒོལ་ཆེན་མོ་ལངས་ནས་ལོ་གསུམ་འཁོར་པའི་དུས་དྲན་དེ་ཉིད་སླེབས་གྲབས་ཡོད་ཅིང་། དེར་བརྟེན་རྒྱ་ནག་གཞུང་གིས་ཕྱི་ཟླ་གསུམ་པ་འདིར་བོད་རང་སྐྱོང་ལ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཡོང་མི་ཆོག་པའི་བཀག་སྡོམ་བྱས་པ་དང་། པེ་ཅིང་གི་ན་གཞོན་འགྲིམ་འགྲུལ་ལས་ཁང་གི་མགྲིན་ཚབ་པ་ལི་ཅན་ཡུའི་ཡིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ང་ཚོར་གཞུང་གིས་ངག་ཐོག་ནས་ཕྱི་ཟླ་གསུམ་པ་འདིར་བོད་ཀྱི་རྒྱལ་ས་ལྷ་སར་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ལྟ་སྐོར་ལ་འཁྲིད་མི་ཆོག་པའི་བཀའ་བཏང་སོང་། ཟླ་བ་འདིར་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལྷ་སར་ཁྲིད་རྒྱུ་བཀག་འགོག་བྱེད་དགོས་དོན་གྱི་རྒྱུ་མཚན་ཅི་ཡིན་ནམ། ཡང་ན་ཟླ་བ་འདིར་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལྷ་སར་ཁྲིད་རྒྱུ་བཀག་འགོག་བྱས་པ་ལུགས་མཐུན་ཞིག་ཡིན་མིན་འགྲེལ་བཤད་གང་ཡང་བརྒྱབ་མ་སོང་ཞེས་བཤད་ཡོད་པ་རེད།

XS
SM
MD
LG