ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ལྷོ་ཨ་མི་རི་ཀའི་ནང་བོད་དོན་གནས་ཚུལ་གོ་རྟོགས་སྤེལ་བའི་ལས་དོན།


ཉེ་སྔོན་སྤྱི་ཟླ་གསུམ་པའི་ཚེས་ཉི་ཤུ་བརྒྱད་ནས་ སྤྱི་ཟླ་བཞི་པའི་ཚེས་་གཅིག་བར་ཉིན་གྲངས་འགའ་ཤས་ཤིག་གི་རིང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཅི་ལིའི་གྲོང་ཁྱེར་སན་ཊི་ཡ་སྒོ་དང་ ཝལ་གྲི་ཝི་ཡ་ དེ་བཞིན ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷ་ར་ཛིལ་་བཅས་ཀྱི་ནང་བོད་དོན་གྱི་གནས་ཚུལ་གོ་རྟོགས་སྤེལ་རྒྱུའི་བཞུགས་མོལ་ཚོགས་འདུ་འགའ་ཤས་ཤིག་བསྐོང་འཚོགས་གནང་ཡོད་པ་བཅས་ཀྱི་སྐོར་ཀུན་བཟང་སྒྲོལ་མས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ལྷོ་ཨ་མི་རི་ཀའི་འབྲེལ་མཐུད་པ་སྐུ་ཞབས་ཚེ་དབང་ཕུན་ཚོགས་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་གྱི་རེད།

XS
SM
MD
LG