ངོ་འཕྲད་བདེ་བའི་དྲ་འབྲེལ།

བཙོན་མ་གློད་འཀྲོལ་དང་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་བརྡ་ལན།


བཀྲ་ཤིས་སྒྲོལ་དཀར། ཆོས་ཉིད་ལྷ་མོ།
བོད་མདོ་ཁམས་དཀར་མཛེས་ཁུལ་དུ་བཙུན་མ་གཉིས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པར་བརྟེན་ལོ་གསུམ་རེ་བཙོན་མཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་ཀྱང་ཁོང་གཉིས་བཙོན་འཇུག་གི་དུས་ཡུན་མ་རྫོགས་གོང་གློ་བུར་དུ་གློད་འཀྲོལ་བཏང་ཡོད་འདུག དེ་བཞིན་བོད་མདོ་ཁམས་སོག་རྫོང་ཙན་དན་དགོན་པའི་དགེ་འདུན་པ་ཞིག་བཙོན་འཇུག་གི་ཁྲིམས་ཐག་མ་བཅད་པར་བཀག་ཉར་བྱེད་པའི་དུས་ཡུན་རིང་པོའི་ནང་དུ་དབང་པོ་སྐྱོན་ཅན་དུ་གྱུར་ཡོད་པར་བརྟེན་གློད་འཀྲོལ་བཏང་ཡོད་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་བརྗོད་ན། འདི་ནི་རྒྱ་ནག་གིས་ཁྲིམས་འགལ་བྱ་སྤྱོད་ལག་བསྟར་བྱེད་པའི་མཚོན་རྟགས་ཡིན་པ་དང་། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་ཚོ་གློད་འཀྲོལ་གཏོང་བཞིན་པ་ནི་རྒྱ་ནག་གི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཏུ་ངོས་འཛིན་བྱ་ཐབས་མེད་པ་རེད། འདིའི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན།
XS
SM
MD
LG