ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

འཇམ་དབྱངས་དཔལ་ལྡན་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་སར་མི་སྟོང་ཚོ་མང་མོས་མྱ་ངན་ཞུས་པ།


ཉིན་གསུམ་གོང་དུ་འདས་གྲོངས་ཕྱིན་པའི་སྤྱི་ཟླ་གསུམ་པའི་ནང་རང་ལུས་མེར་བསྲེག་གཏོང་མཁན་རེབ་གོང་རོང་བོ་དགོན་ཆེན་གྱི་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ཀྱི་སྐུ་ཕུང་དེ་རིང་གཟའ་མིག་དམར་གྱི་ཞོགས་པ་ཆུ་ཚོད་ལྔ་པའི་ཐོག་ཞུགས་འབུལ་ཞུས་ཡོད་པ་རེད། སྐབས་དེར་བོད་མི་སེར་སྐྱ་སྟོང་ཚོ་འགའ་ཤས་འདུ་འཛོམ་བྱུང་སྟེ་ཆེ་མཐོང་ཆེན་པོས་ཁོང་གི་སྐུ་ཕུང་གདན་འདེན་ཞུས་ཡོད་པའི་སྐོར་ད་ཆ་བཙན་བྱོལ་དུ་ཡོད་པའི་ས་གནས་དེའི་མི་ཞིག་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཁ་པར་བརྒྱུད་ནས་གནས་འདྲི་ཞུས་པ་དེ་གསན་གནང་གི་རེད།
XS
SM
MD
LG