ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁམས་འབྲི་རུ་རྫོང་དུ་དམག་གིས་དྲག་གནོན་དང་སློབ་མ་ཚོ་སློབ་གྲྭ་ནས་ཐོན་པ།


ཕྱི་ཟླ་༩་ཚེས་༢༨་ཉིན་ནས་བཟུང་ཁམས་འབྲི་རུ་རྫོང་དུ་བོད་པ་ཚོས་ངོ་རྒོལ་བྱས་པ་དང་རྒྱ་ནག་གི་དམག་ཕོན་ཆེན་ཞིག་ས་གནས་དེར་འགྲེམ་འཇོག་བྱས་ནས་བོད་པ་མང་པོར་རྡུང་རྡེག་དྲག་པོ་བཏང་བ་དང་མི་མང་ལ་དྲག་གནོན་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་རུང་། ས་གནས་དེའི་ཁ་པར་སོགས་འབྲེལ་མཐུད་ཀྱི་བརྒྱུད་ལམ་ཁག་ཡོངས་སུ་བཀག་འདུག་ཅིང་། ད་ལྟ་ས་གནས་དེའི་བོད་པ་ཚོའི་གནས་སྟངས་ཅི་ཡིན་ཤེས་རྟོགས་ཐུབ་རྒྱུ་ཁག་པོ་གྱུར་ཡོད་པའི་སྐབས་འདིར་སླར་ཡང་གནས་ཚུལ་ཐོན་པ་ལྟར་ན་འབྲི་རུ་རྫོང་གི་སློབ་མ་སྟོང་ཕྲག་མང་པོ་སློབ་གྲྭ་ནས་ཐོན་དགོས་པའི་གནས་ཚུལ་བྱུང་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་བཙན་བྱོལ་སྤྱི་ཚོགས་སུ་གནས་ཚུལ་དེའི་སྐོར་རྟོག་ཞིབ་བྱེད་མཁན་ངག་དབང་ཐར་པ་ལགས་ལ་སྐད་ཆ་དྲིས་པ་ཞིག་སྙན་སྒྲོན་ཞུ་ཡི་རེད།།
XS
SM
MD
LG