ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། ཉེ་ཆར་ཟླ་བ་༢་པར་འབྲི་རུ་རྫོང་ཁོངས་སུ་ཆགས་པ་གནས་རི་སེབ་ཁྲ་རྫ་རྒན་ལ་གཏེར་ཁ་སྔོག་འདོན་གྱི་ལས་འཆར་ཞིག་གཉེར་པར་ཡུལ་མི་ཚོར་བཙན་ཤེད་ཀྱིས་མོས་མཐུན་ཡོད་པའི་མིང་རྟགས་འགོད་དུ་བཅུག་པས་གྲོང་རྡལ་གྱི་འགོ་དཔོན་ཞིག་གིས་དེ་ལ་ངོ་རྒོལ་བྱས་ནས་འཛིན་བཟུང་བྱས་ཡོད་ཅིང་། རྒྱ་ནག་གཞུང་གིས་ཕྱི་ཟླ་༤་པར་གཏེར་ཁ་སྔོག་འདོན་གྱི་གནས་ཚུལ་ཕྱིར་གྱར་བྱས་པར་བརྩིས་ནས་ས་གནས་དེའི་བོད་པ་༣༠་བཀག་ཉར་བྱས་ཡོད་པ་རེད། གནས་རི་དེར་བན་བོན་གཉིས་ཀྱི་ཆོས་ལུགས་དང་འབྲེལ་བའི་གནའ་ཤུལ་མང་པོ་ཡོད་ཚུལ་དང་། ས་གནས་ཡུལ་མི་ཚོས་གནས་རི་དེ་ནས་གནའ་རྫས་འཁྱེར་གྱི་ཡོད་པའི་དོགས་པ་བྱེད་བཞིན་པའི་སྐོར། བསོད་ནམས་དབྱངས་འཛོམས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།།

འབྲི་རུ་རྫོང་ཁོངས་སུ་བོད་མི་༣༠་ཙམ་བཀག་ཉར།
please wait

No media source currently available

0:00 0:03:00 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG