ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་སེམས་ཁམས་ཞིབ་འཇུག་ལས་གཞི་ཞིག་ལ་ཨ་སྒོར་ཁྲི་ལྔ་ཞལ་འདེབས་གནང་བ།


འདི་ལོའི་སྤྱི་ཟླ་ལྔ་པའི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཁར་ཆེད་ཕེབས་མཛད་སྐབས། ༧གོང་ས་མཆོག་སྐུ་སྒེར་གྱི་ཐེབས་རྩ་ཁང་ཞིག་ནས་ཨ་མི་རི་ཁའི་Madison གྲོང་ཁྱེར་ནང་ཡོད་པའི་ཝིན་སི་ཁོན་སེན་གཙུག་ལག་སློབ་གྲྭའི་འཕྲོད་བསྟེན་ཅན་གྱི་སེམས་ཁམས་ཞིབ་འཇུག་སྟེ་གནས་ཁང་ལ་ཨ་སྒོར་ཁྲི་ལྔ་ཞལ་འདེབས་གནང་རྒྱུའི་ཐག་གཅོད་གནང་བ་ལྟར། ད་ཆ་ཝེན་སི་ཁོན་སེན་གཙུགས་ལག་སློབ་གྲྭས་ཆེད་བསྒྲགས་ཤིག་སྤེལ་སྟེ། ཞལ་འདེབ་དེས་སྟེ་གནས་ཁང་དེར་སེམས་འགུལ་གཏིང་ཟབ་ཐེབས་ཡོད་པ་གསལ་སྟོན་བྱས་འདུག

XS
SM
MD
LG