ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༸གོང་ས་མཆོག་ཨསི་ཐོ་ནི་ཡའི་ནང་ཞབས་སོར་འཁོད་ཡོད་པ།


སྤྱི་ནོར་༢གོང་༢སྐྱབས་མགོན་ཆེན་པོ་མཆོག་གིས་ཕྷ་རན་སིའི་ནང་ ཉིན་གསུམ་ཙམ་རིང་གི་མཛད་འཆར་ཁག་ལེགས་པར་བསྐྱངས་ཟིན་པའི་རྗེས་ མགོན་པོ་གང་ཉིད་ད་རིང་རི་རེས་གཟའ་མིག་དམར་གྱི་ཉིན་དགུང་རྒྱབ་ཨསི་ཐོ་ནི་ཡའི རྒྱལ་ས་ཐཱ་ལན་ནང་ཞབས་སོར་འཁོད་གནང་ཡོད་པར་བརྟེན་ ཨསི་ཐོ་ནི་ཡའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཨསི་ཐོ་ནིི་ཡ་གཞུང་ལ་ ཏཱ་ལའི་བླ་མ་དེ་གར་ཕེབས་བཅུག་པ་དང་ གཞུང་གི་མཐོ་རིམ་འགོ་ཁྲིད་དང་མཇལ་འཕྲད་གོ་འགྲིགས་བྱེད་པ་དེ་ནི་ཨསི་ཐོ་ནི་ཡ་དང་ རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་ཡོང་གཞི་ཞིག་རེད་ཅེས་སྐྱོན་བརྗོད་བྱས་པ་དང་འབྲེལ་ཨསི་ཐོ་ནི་ཡའི་གཞུང་ལ་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་བྱེད་དགོས་པའི་ནན་སྐུལ་བྱས་ཡོད་པའི་སྐོར་རྒྱལ་མཚན་ཚེ་རིང་ལགས་ཀྱིས་འབྲེལ་ཡོད་དབུ་ཁྲིད་ལ་གནས་འདྲི་ཞུས་དེ་གནས་ཚུལ་ཕྱོགས་བསྒྲིགས་གནང་བ་ཞིག་གསན་གྱི་རེད།

XS
SM
MD
LG