ངོ་འཕྲད་བདེ་བའི་དྲ་འབྲེལ།

ཟླ་བ་བདུན་གྱི་ནང་ཕྱོགས་ཕེབས་་གནང་ཐེངས་བཅིུག


ཟླ་བ་བདུན་གྱི་ནང་ཕྱོགས་ཕེབས་་གནང་ཐེངས་བཅིུག

བོད་ཀྱི་བླ་ནྭ་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༥ལ་ཕེབས་ཡོད་ནའང༌། ད་དུང་རྒྱ་གར་དང་འཛམ་གླིང་གི་ས་ཕྱོགས་གང་སར་ཐུགས་བྱམས་བརྩེ་ཆེན་པོས་སྐྱེ་འགྲོ་ཀུན་ལ་འཚེ་མེད་ཞི་བའི་ལམ་སྟོན་དང་ འགྲོ་བ་མིའི་ཡ་རབས་སྤྱོད་བཟང་གོང་འཕེལ་གཏོང་ཐབས་དང༌། ཁོར་ཡུག་སྲུང་སྐྱོབ་དང་ ནང་ཆོས་ངོ་སྤྲོད། དེ་བཞིན་བོད་ཀྱི་བདེན་མཐའ་གསལ་ཐབས་བཅས་འཛམ་གླིང་ནང་གོ་རྟོགས་གོང་འཕེལ་གཏོང་ཐབས་སུ་འདས་པའི་ཟླ་བ་བདུན་གྱི་རིང་ཕྱོགས་ཕེབས་་གནང་ཐེངས་༡༡དང་ སྔ་ལོ་ཕྱི་རྒྱལ་ཡུལ་ཁག་ལ་ཆིབས་བསྒྱུར་སྔ་རྗེས་ཐེངས་༢༠་གནང་ཡོད་པ་རེད།

XS
SM
MD
LG