ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་ཐེ་ཝན་ལ་ཆིབས་སྒྱུར་བསྐྱངས་པའི་དགེ་མཚན།


༄༅།། ཐེ་ཝན་གྱི་གསར་ཤོག་ཆེ་ཁག་ཐེ་པེ་ཉིན་རེའི་ཚགས་པར་ལ་ཕྱི་ཟླ་༨་ཚེས་༣་ཉིན་ཆེད་བརྗོད་ཅིག་སྤེལ་ཡོད་པ་སྟེ། སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ཀྱི་སྲས་རྒན་པ་མཁས་གྲུབ་དོན་གྲུབ་ཀྱིས་བྲིས་པ་ཞིག་བཀོད་འདུག ཆེད་བརྗོད་དེར་༡༩༩༧་ལོར་ སྐབས་དེའི་ཐེ་ཝན་གྱི་སྲིད་འཛིན་ལི་ཏེང་ཧུའི་ཡིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་ལ་གཞུང་འབྲེལ་གྱིས་གདན་འདྲེན་ཞུས་ནས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་བྱུང་ཡོད་ཅིང་། སྐབས་དེའི་ཆིབས་སྒྱུར་གྱིས་བོད་དོན་ལ་ཕན་ཐོགས་བྱུང་ཡོད་པར་མ་ཟད། ཐེ་ཝན་མི་དམངས་ལའང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་གི་གོ་སྐབས་ཤིག་ཐོབ་སྟེ་ཕན་ཐོགས་ཆེན་པོ་བྱུང་ཡོད། མ་འོངས་པར་ཡང་ཐེ་ཝན་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་ཞུ་རྒྱུ་ནི་ཐེ་ཝན་རང་ལ་ཁེ་ཕན་ཡོད་པ་ཞིག་རེད་ཅེས་འཁོད་འདུག་པའི་སྐོར། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG