ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཐེ་ལན་གྱི་གཞུང་དམངས་གཉིས་ཞི་འགྲིག་ཡོང་ཐབས།


༄༅།། ཉེ་ཆར་ཐེ་ལན་གྱི་དམག་གིས་རྒྱལ་ས་བྷན་ཁོག་གྲོང་ཁྱེར་དཀྱིལ་དུ་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་མི་མང་ལ་དྲག་གནོན་བྱས་པ་དང༌། དམག་གི་དྲག་གནོན་འགོག་པར་མི་མང་གིས་རྒྱ་ལམ་ཐོག་ཏུ་འགོག་ར་བརྒྱབ་པ་དང་ལམ་ཐོག་ཏུ་མོ་ཊའི་འཁོར་ལོ་མེར་སྲེག་བཏང་བ། ཐེ་ལན་གྱི་མི་མང་དབུལ་ཕོངས་སྟོང་ཕྲག་མང་པོས་གྲོང་ཁྱེར་དཀྱིལ་དུ་གུར་བརྒྱབ་ནས་དུས་ཡུན་ཟླ་བ་གཉིས་ལྷག་གི་རིང་ངོ་རྒོལ་བྱས་ཏེ། ཚོང་ལས་དང་དཔལ་འབྱོར་འདུ་འགོད་བཅས་ཀྱི་བྲེལ་ཟིང་ཆེ་བའི་བྷན་ཁོག་གྲོང་ཁྱེར་དེ་ཉིད་དམག་ས་ལྟ་བུ་ཞིག་ལ་གྱུར་ཡོད་པ་དང༌། ད་ལྟ་ཐེ་ལན་གཞུང་གིས་མོ་ཊའི་འཁོར་ལོ་ཚིགས་རོ་དང་རྒྱ་ལམ་ཐོག་གི་འགོག་ར། མི་མང་གི་སྡོད་གུར་བཤིག་ནས་གཙང་སྦྲ་བྱས་ཐུབ་ཡོད་ཀྱང༌། ཐེ་ལན་གཞུང་དམངས་གཉིས་ཀྱི་འགལ་ཟླ་དང་རྒྱལ་ཁབ་དེའི་སྤྱི་ཚོགས་ལ་རྨ་ཁ་ཆེན་པོ་ཞིག་བཟོས་ཡོད་པ་དེ་སོས་མེད་པ་རེད།

XS
SM
MD
LG