ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐའི་ལེནཌ་དང་ཀམ་བྷོ་དྲིཡའི་ས་མཚམས་ས་ཁུལ་དུ་གནས་སྟངས་ཞི་འཇམ་དུ་སོང་ཡོད།


ཐའི་ལེནཌ་དང་ཀམ་བྷོ་དྲིཡའི་ས་མཚམས་ས་ཁུལ་དུ་གནས་སྟངས་ཞི་འཇམ་དུ་སོང་ཡོད།

རྩོད་གཞི་ཅན་གྱི་ས་མཚམས་ས་ཁུལ་ནང་མེ་འཕེན་མཚམས་འཇོག་ཡོང་རྒྱུའི་ཐབས་ཤེས་སུ་ཀམ་བྷོ་དྲི་ཡ་དང་གྲོས་མོལ་བསྐྱར་དུ་འགོ་འཛུགས་བྱས་ཡོད་པའི་ལུགས་ཐའི་ལེནཌ་གྱི་དབང་འཛིན་མི་སྣས་འགྲེལ་བརྗོད་གནང་གི་ཡོད་པ་རེད ཉེ་ཆར་གཟའ་མཇུག་ཏུ་འཁྲུག་འཛིངས་བྱུང་བའི་རྗེས་ཉུང་མཐར་མི་བདུན་འཆི་རྐྱོན་དང་གྲོང་གསེབ་པ་སྟོང་ཕྲག་མང་པོ་ས་ཁུལ་ནས་བྲོས་བྱོལ་དུ་འགྲོ་དགོས་ཆགས་ཡོད་པ་སོགས་ཐའི་ལེནཌ་གྱི་སི་ས་ཀེཌ་ཞིང་ཆེན་ནས་འདི་ག་ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཌེ་ནི་ཡལ་ ཤ་རབ་གྱི་སྤེལ་བའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG