ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ལེན་ཌ་ནང་འོས་བསྡུའི་གྲ་སྒྲིག་བྱེད་བཞིན་པ་དང་ལྷོ་ཕྱོགས་ཞིང་ཆེན་ནང་དྲག་རྩུབ།


ཐེ་ལེན་ཌ་ནང་རྒྱལ་ཡོངས་འོས་བསྡུ་ཆེད་གྲ་སྒྲིག་བྱེད་བཞིན་པ་དང་ ཡང་ཁ་ཆེ་ཁྱོན་ཆེ་ཡོད་ས་ལྷོ་ཕྱོགས་ཞིང་ཆེན་གཅིག་གི་ནང་འབར་རྫས་འགས་ཏེ་ནང་པའི་དགེ་འདུན་པ་གཉིས་འདས་གྲོངས་སུ་སོང་འདུག་པ་མ་ཟད་ཉེ་བའི་ཟླ་ཤས་ནང་གྱེན་ལངས་ཕྱོགས་ཁག་ཡོད་སའི་ཁ་ཆེ་མང་བའི་ལྷོ་ཕྱོགས་ཞིང་ཆེན་ནང་དྲག་པོའི་གནས་ཚུལ་ཇི་མང་དུ་ སོང་ཡོད་པ་སོགས་ཀྱི་དཀའ་ངལ་སེལ་ཆེད་ཆབ་སྲིད་ཚོགས་པ་གཉིས་ཀྱིས་ས་གནས་གཞུང་ལ་དབང་ཆ་དང་ཡར་རྒྱས་མང་བ་གཏོང་དགོས་པའི་གླེང་མོལ་བྱེད་བཞིན་པ་རེད། བསོད་ནམས་གཡང་འཛོམས་ཀྱིས་ཕབ་བསྒྱུར་བྱས་པ་གསན་གྱི་རེད།

XS
SM
MD
LG