ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཝིཏ་ནམ་དང་རྒྱ་དཀར་ནག་གི་མཚོ་དམག


ཉེ་ཆར་རྒྱ་གར་གྱི་དམག་གྲུ་ཞིག་ཝིཏ་ནམ་གྱི་མཚོ་ཁོངས་བརྒྱུད་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྒྱལ་སྤྱིའི་མཚོ་ཐོག་ཏུ་བསྐྱོད་པ་དང་། རྒྱ་ནག་གི་དམག་གྲུ་ཞིག་གིས་རྒྱ་གར་གྱི་མཚོ་དམག་གྲུ་གཟིངས་དེར་ལམ་བཀག་སྟེ། རྒྱ་གར་གྱི་དམག་གྲུ་ཞིག་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཡོང་དོན་ཅི་ཡིན་ཞེས་འདྲི་རྩད་བྱས་པ་དང་། ད་ཐེངས་ཀྱི་དོན་རྐྱེན་དེས་རྒྱ་གར་ལ་རང་གི་མཚོ་དམག་སྟོབས་ཤུགས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་སྐྱེད་གཏོང་རྒྱུའི་ཀུན་སློང་ཡོད་ཅིང་། རྒྱ་ནག་རང་གི་ལྷོ་ཕྱོགས་སུ་ཡོད་པའི་མཚོ་ནང་དུ་རྒྱ་གར་གྱི་དམག་གྲུ་ཞིག་འཛུལ་ཞུགས་བྱས་པར་མ་དགའ་བ་དང་། མ་འོང་པར་ལྷོ་རྒྱ་ནག་རྒྱ་མཚོ་རྒྱ་དཀར་ནག་གི་མཚོ་གདོང་ཐུག་འབྱུང་ས་ཞིག་འགྱུར་སྲིད་པའི་རྟགས་མཚན་གསལ་བོ་ཐོན་ཡོད་པ་རེད།

XS
SM
MD
LG