ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

འཇིགས་སྐུལ་་པས་ཡུལ་གྱར་སྲིད་གཞུང་ལ་དབང་སྒྱུར་བྱེད་རྒྱུའི་རྣམ་པ།


ཕྱི་ཟླ་༤་ཚེས་༢༧་བར་དུ་བོད་ཕྱི་ལོགས་སུ་ཡོད་པའི་བོད་པ་སྐྱབས་བཅོལ་བ་ཚོས་ སྐབས་བཅུ་གསུམ་པའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་དང་། སྐབས་བཅོ་ལྔ་བའི་བོད་མི་དམངས་སྤྱི་འཐུས་རྣམས་འོས་འདེམས་བྱས་པའི་གྲུབ་འབྲས་ གསལ་བསྒྲགས་བྱས་ཀྱི་མེད་ཀྱང་། ནུབ་ཕྱོགས་ཀྱི་གསར་འགྱུར་ལས་ཁང་ཁག་དང་སྲིད་དོན་ཉམས་ཞིབ་པ་མང་པོ་ཞིག་གིས་རང་ ལོ་༤༣་ལ་སོན་པའི་བཀའ་བློན་ཁྲི་པའི་འོས་མི་བློ་བཟང་སེངྒེ་ལ་འོས་འདེམས་ཀྱི་ རྒྱལ་ཁ་འཐོབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། དེར་བརྟེན་རྒྱ་ནག་གི་མི་དམངས་ཉིན་རེའི་ཚགས་པར་ལི་ཧུང་མེའི་ཞེས་པ་ཞིག་གིས་ རྩོམ་ཡིག་བྲིས་ཏེ། འཇིགས་སྐུལ་རིང་ལུགས་པ་ཞིག་གིས་ཏཱ་ལའི་རུ་ཚོགས་ཀྱི་ཡུལ་གྱར་སྲིད་གཞུང་དབང་ སྒྱུར་བྱེད་རྒྱུའི་རྣམ་པ་ཐོན་ཡོད། བློ་བཟང་སེངྒེ་༡༩༩༢་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གནད་ཡོད་འགོ་ཁྲིད་ཅིག་ ཡིན་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཞིག་ཡིན་ཞིང་། ཕྱི་ལོ་༢༠༠༨་ལོར་བོད་ཀྱི་རྒྱལ་ས་ལྷ་སར་འཕྲོག་སྲེག་གཏོར་བཅོམ་གྱི་ཟིང་འཁྲུག་ ལངས་པ་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཐད་ཀར་བཀོད་ཇུས་བྱས་ཡོད་པས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ཨོ་ས་མ་བིན་ལ་ཌན་གྱིས་འགོ་ཁྲིད་པའི་ཨལ་ཁེ་དྷ་ སྒྲིག་འཛུགས། ད་དུང་ཨུ་རུ་སུའི་མངའ་ཁོངས་སུ་ཡོད་པའི་ཆེ་ཆི་ཎི་ཡའི་ཁ་ཆེ་དྲག་སྤྱོད་པའི་ སྒྲིག་འཛུགས་དང་། ཤིན་ཅང་གི་ཤར་ཏུར་ཀི་སི་ཐན་ཁ་བྲལ་རིང་ལུགས་པ་ཁག་གཅིག་འདྲ་པོ་ཡིན་ཞེས་སྐྱོན་ བརྗོད་བྱས་ཡོད་པ་རེད།

XS
SM
MD
LG